འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅༎མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རིམས་འགོག་གི་འགག་སྒྲོལ་དམག་འཐབ་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་22ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་2020ལོའི་ཟླ་3ཚེས་3ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་པ་དང་འབྲེལ། སློབ་གླིང་གི་དགེ་རྒན་དང་ལས་བཟོ་དང་དཔེ་ཆའི་དགེ་རྒན་ལ་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།
འདི་ནི་2020ལོའི་ཟླ་3ཚེས་3ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་ཕེབས་པ་དང་འབྲེལ། སློབ་གླིང་གི་དགེ་རྒན་དང་ལས་བཟོ་དང་དཔེ་ཆའི་དགེ་རྒན་ལ་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་གྱི་ཕྱི་དྲོ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བརྟག་ཞིབ་ཚོགས་ཆུང་གི་མི་6མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།
     མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་བས་བརྟག་ཞིབ་ཚོགས་ཆུང་ལ་ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་གི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཞིབ་ཕྲའི་བླང་བྱ་ལྟར། ནང་བསྟན་སློབ་གླིང་ཏང་ཨུད་ཀྱིས་སྲིད་འཛིན་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཏེ། སློབ་གླིང་ཡོངས་ཀྱི་གོང་འོག་ཚང་མས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཁ་གཏད་ཧུར་ཐག་གཅོག་རྒྱུའི་སྒྲིག་འཛུགས་དང་འབོད་སྐུལ་བྱས་པ་རེད། སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རྒྱུན་ལས་ཡོན་ཀྲང་གཞོན་པ་ལས་གྲུབ་པའི་ཙུའུ་ཀྲང་གཉིས་ཀྱི་ལམ་ལུགས་ཀྱི་སློབ་གླིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཚོགས་ཆུང་བཙུགས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི《མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སློབ་གླིང་ཡོངས་ཀྱི་དགེ་སློབ་ཚོར་སྤྲིངས་པའི་ཡོངས་བསྒྲགས་ཡི་གེ》བརྒྱུད་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་ཡིད་ཆེས་བརྟན་པོ་དང་། མཉམ་འགོག་མཉམ་བཅོས་དོན་འཁྱོལ་ནན་ཏན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། ཕྱར་བ་གྲུ་འདེགས། རིམས་ནད་འགོག་བཅོས་ཧུར་ཐག་བྱས་པ། ཐུན་མོང་ཐོག་དཀའ་གནད་ལས་སྒྲོལ་བ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གླིང་གི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག  ནང་བསྟན་སློབ་གླིང་གི་དཔེ་ཆའི་དགེ་རྒན་དང་སློབ་མས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། སློབ་གླིང་གི་དཔེ་ཆའི་དགེ་རྒན་གྱིས་སྣེ་ཁྲིད་དེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་8ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གྲུབ་མཐའ་ཁག་གི་གཞོན་དར་འཐུས་མི་58དང་མཉམ་དུ《ཏོག་གསར་གློ་ཚད་རིམས་ནད་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་དང་ཚོད་འཛིན་དང་མཉམ་དུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་གྲོས་འདོན་ཡི་གེ》བཀྲམ་ནས། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་བཅས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རང་ཉིད་ནས་འགོ་བཙུགས་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན། ཚན་རིག་ལ་གོང་བཀུར་དང་སྔོན་འགོག་དང་ཚོད་འཛིན་ལ་སྣང་ཆེན། རྒྱལ་གཅེས་ལ་སྣང་ཆེན་དང་ཏང་གི་བཀའ་ལ་ཉན་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་རང་འགུལ་ངང་ནུས་པ་འདོན་སྤེལ་བྱེད་དགོས། 《གྲོས་འདོན་ཡི་གེ》སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཡོངས་བསྒྲགས་བྱས་པས། བོད་བརྒྱུད་ནང་བསྟན་ལས་རིགས་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ཁག་གི་མི་སྣའི་མོས་མཐུན་དང་ཐུན་མོང་གི་ངོས་འཛིན་ཐོབ་ཡོད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་སོགས་ཀྱིས《གྲོས་འདོན་ཡི་གེ》ཆ་ཚང་བརྒྱུད་སྤེལ་བྱས་ཡོད།
     《གྲོས་འདོན་ཡི་གེ》ཡི་འབོད་སྐུལ་འོག  མཚོ་སྔོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས“བྱམས་སྙིང་རྗེས་འཇིག་རྟེན་ལས་སྐྱོབ་པ་དང་། འགྲོ་བ་ཀུན་ལ་ཁེ་ཕན་གཉེར་བའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། གསོལ་བ་སྨོན་ལམ་འདེབས་པ་དང་། ཞལ་འདེབས་དང་སྨན་སྦྱིན་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། རིམས་འགོག་བདུག་སྤོས་དང་སྨན་ཁུག་སོགས་བཟོས་ཏེ་འཐབ་ས་དང་པོའི་སྨན་བཅོས་ཞབས་ཞུར་རོགས་སྐྱོར་བྱེད་པའི་ལས་ཀའི་ནང་ཞུགས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ཏེ་ཚན་རིག་ཁྱབ་གདལ་གྱི་སྔོན་འགོག་དང་ཚོད་འཛིན་་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། སྤྱི་ཚོགས་ཡོངས་ལ་ནང་བསྟན་སློབ་གླིང་གི་དགེ་སློབ་དང་དེ་བཞིན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་འགྲོ་བ་ཀུན་ལ་སྙིང་རྗེ་སྒོམ་པའི་འགན་འཁྲིའི་བསམ་པ་མཚོན་པར་བྱས་ནས་མི་རིགས་མཐུན་སྒྲིལ་དང་། རིམས་ནད་བཀག་འགོག། སྔོན་འགོག་དང་ཚོད་འཛིན་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་མི་རབས་གསར་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད།
འདི་ནི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་དུག་སེལ་གཤེར་ཁུ་གཏོར་སྟངས་སློབ་སྦྱོང་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་དུག་སེལ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་དུག་སེལ་གཤེར་ཁུ་གཏོར་སྟངས་སློབ་སྦྱོང་བྱས་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་དུག་སེལ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།