འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅༎ཡུན་ནན་བདེ་ཆེན་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་དུ། ཉེ་འཁོར་གྱི་སྡེ་ཁུལ་མང་ཚོགས་ལས་ཞུགས་ཐུབ་ཚད་32%བཟུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་22ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་པ་དང་། དེ་ནི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་གནས་ཤིག་རེད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསུམ་བརྒྱུད་པ་སྟེ། 2006ལོའི་གོང་གི་རང་བརྟེན་གསར་སྤེལ་དུས་མཚམས་དང་། 2006ལོ་ནས་2015ལོ་བར་ཞིང་ཆེན་དང་ཀྲོའུ་སྲིད་གཞུང་གི་ཆུ་དཔྱད་འཛུགས་སྐྲུན་གྱི་ཚོད་ལྟའི་དུས་མཚམས། 2015ལོ་ནས་ད་བར་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱས་ནས་སྤེལ་བའི་ཚོད་ལྟའི་ལས་དོན་དུས་མཚམས་བཅས་རེད།
     དུས་མཚམས་དེ་གསུམ་གྱིས་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་མྱོང་ལེན་བྱེད་སྒོ་གོ་རིམ་མེད་པ་ནས་གོ་རིམ་ལྡན་པའི་བར་དང་། སྤྱི་གླིང་ཡུལ་སྐོར་དོ་དམ་རགས་ལས་རྣམ་པ་ནས་ཚད་ལྡན་ཅན་བར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཉམས་ཞན་ནས་སྟོབས་ཆེའི་བར། སྤྱི་གླིང་དམངས་འཚོ་དབུལ་ཕོངས་ནས་འབྱོར་འབྲིང་ཕྱོགས་སུ་སོང་བའི་བར་བཅས་ཀྱི་འཕོ་འགྱུར་ཆེན་པོར་དཔང་པོ་བྱས་ཡོད། 2012ལོར་སྤྱི་དམངས་སྣོད་བཅུད་ཡུལ་སྐོར་གྱི་ལས་དོན་སྤེལ་ཚུན། 2019ལོའི་ལོ་མཇུག་བར་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་945ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་18.19ཟིན་ནས་སྤྱི་ཚོགས་དང་། སྣོད་བཅུད། དཔལ་འབྱོར་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
     སྔོན་མ་རྒྱལ་ཁབ་སྤྱི་གླིང་གི་ཉེ་འཁོར་སྡེ་ཁུལ་ནི་ཤམ་བྷ་ལྷའི་ས་ཁུལ་དབུལ་པོ་ཡིན་པ་དང་འབྲུ་རིགས་སོགས་ཚང་མ་རྒྱལ་ཁབ་ཀྱི་རྒུད་སྐྱོབ་ལ་བརྟེན་དགོས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་སྤྱི་གླིང་གི་ཐད་ཀ་དང་གཞན་བརྒྱུད་ཐོག་ནས་སྣེ་ཁྲིད་བྱས་པས་གཞི་རྩའི་ཆ་ནས་དབུལ་སྒྲོལ་ཐུབ་ཡོད།
     སྤྱི་གླིང་གཉེར་སྐྱོང་བྱེད་མཁན་པོ་ཏ་མཚོའི་ཡུལ་སྐོར་ལས་རིགས་ཡན་ལག་ཀུང་སིའི་ལས་མི་300ལྷག་ཙམ་ནང་ནས་སྤྱི་གླིང་ནང་ལས་ཞུགས་ཐུབ་པའི་སྡེ་ཁུལ་མང་ཚོགས་ཀྱིས་ཀུང་སིའི་སྤྱིའི་ལས་མིའི་32%བཟུང་བ་དང་། གཙོ་བོ་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་གྱི་ཁ་ལོ་བ་དང་། གད་པ། ནགས་སྲུང་པ་བཅས་དང་དེ་བཞིན་འགྲེལ་བཤད་རྒྱག་མཁན་གྱི་ལས་ཀ་བྱེད་པས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ས་གནས་དེ་གའི་ལས་ཞུགས་ཀྱི་གནོན་ཤུགས་ཞི་ལྷོད་དུ་ཕྱིན་པ་མ་ཟད། སྤྱི་གླིང་སྡེ་ཁུལ་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཡང་བཏོན་ཡོད།