འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་21ཉིན།

༄༅༎འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1600ལྷག་ཙམ་བར་མང་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་21ཉིན། 12:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▲ གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། འབྲི་ཆུའི་ཆུ་འགོའི་ཡར་དར་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1600ལྷག་ཙམ་བར་མང་དུ་ཕྱིན་ཡོད།
     ▲ 2017ལོར་འབྲི་ཆུའི་ཆུ་འགོའི་ཡར་དར་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་དེ་སྔའི་500ནས་འདི་ལོའི་1635བར་མང་དུ་ཕྱིན་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། འབྲི་ཆུའི་ཆུ་འགོའི་ཡར་དར་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1600ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པ་དང“གཙང་ཆུའི་ཆུ་འགོའི་རྫོང་དང་པོ”ཞེས་པའི་མཚན་སྙན་ལྡན་ཡོད། ཆུ་དམར་ལེབ་རྫོང་ཆུ་དམར་ཤང་ལི་ཁྲི་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ནི་གྲོང་ཚོ་དེའི་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོང་རྣམ་གྲངས་ཀྱི་འགན་འཁུར་བ་ཡིན་ཞིང་། ཁོང་གིས། འདི་ལོའི་ཟླ་5ཚེས་15ཉིན་ནས་བཟུང་། ས་གནས་དེ་གའི་སྣོད་བཅུད་བདག་སྐྱོང་པ་ཡར་དར་མཚོའི་སྲུང་སྐྱོང་ལྟ་ཞིབ་སྒར་སར་བཅའ་སྡོད་བྱས་ནས་ཁྲུང་ཁྲུང་མགོ་ཁྲ་རྒྱུད་སྤེལ་འཚོ་གནས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
     སྐལ་བཟང་གིས། 2017ལོར་ས་གནས་དེ་གས་ཁྲུང་ཁྲུང་མགོ་ཁྲ་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་ཚུན། འབྲི་ཆུའི་ཆུ་འགོའི་ཡར་དར་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་དེ་སྔའི་500ནས་འདི་ལོའི་1635བར་མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཆུ་དམར་ལེབ་དོ་དམ་ཁྲུའུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་སྐལ་ཐར་གྱིས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་ཚུན། ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐུབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཁྲུང་ཁྲུང་མགོ་ཁྲ་གསོན་ཚད་མཐོ་རུ་ཕྱིན་ཡོད། སྔོ་ཞིང་དྭངས་བའི་ནམ་མཁའ་དང་བདེ་འཇགས་ལྡན་པའི་ཁོར་ཡུག་ཁྲོད་ཁྲུང་ཁྲུང་མགོ་ཁྲ་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཞི་མཐུན་མཉམ་གནས་བྱུང་སྟེ་རྒྱུད་སྤེལ་འཚོ་གནས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།