འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་19ཉིན།

༄༅།།བདེ་ཆེན་ཁུལ་གྱི་“ཐོན་ལས་གསར་པ།”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་19ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བདེ་ཆེན་ཁུལ་གྱི་“ཐོན་ལས་གསར་པ།”

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཟླ་6ཚེས་17ཉིན།
  
མཐོ་སྒང་གི་“སྲེའུ་”མངར་མོ།
   “ཧ་ཅང་ཞིམ་པོ་འདུག”ལོ་21སོན་པའི་གཡང་འཛོམས་ཀྱིས་ན་ནིང་ལོ་ཐེངས་དང་པོར་ཤིང་ཏོག་སྲེའུ་ཡི་བྲོ་བ་མྱོང་ཡོད། ཁོ་མོར་སྤོབས་པ་སྐྱེས་འོས་པ་ཞིག་ནི་ཤིང་འབྲས་འདིའི་ཐོན་ཡུལ་ནི་རང་ཉིད་ཀྱི་ཕ་ཡུལ་ཡིན་པ་དེ་རེད། གཡང་འཛོམས་ཀྱི་ཁྱིམ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་སྡེ་ཡིན་ཞིང་། དེ་སྔོན་གྲོང་མི་ཚོའི་ལས་ཀ་གཙོ་བོ་ནི་ཕྱུགས་ཟོག་འཚོ་བ་དང་ནས་འདེབས་རྒྱུ་ཡིན་པ་ལས་ཤིང་ཏོག་སྲེའུ་དང་ལས་འབྲེལ་བྱུང་བ་ཡིད་ལའང་ཤར་མ་མྱོང་།
    2018ལོར། ཀུའེ་ཨའོ་ཀུང་སིས་གྲོང་མི་ཚོའི་ལག་ནས་ས་ཞིང་མུའུ་1428འཁོར་རྒྱུག་བྱས་ཏེ་ཤིང་ཏོག་ར་བ་བཙུགས་ཤིང་། སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྡེབ་སྒྲིག་བྱས་པ་དང་། ཁེ་ལས་ལ་མངགས་བཅོལ་བྱས་ནས་ཤིང་ཏོག་སྲེའུ་ཡི་སྡོང་པོ་ཐོན་ལས་རྣམ་པའི་འདེབས་འཛུགས་བྱས་པ་རེད། མིག་སྔར། ཏ་ལེན་ནས་ནང་འདྲེན་བྱས་པའི་སྲེའུ་སྡོང་བོར་ལོ་འདབ་རྒྱས་ཡོད་དེ། ལོ་4ནས་ལོ་6བར་སྐྱེ་བའི་སོན་མྱུག་ཁྲི་1.3བཙུགས་པ་དང་། ལོ་2ནང་སྐྱེ་བའི་སོན་མྱུག་ཁྲི་6བཙུགས་ཚར་ཡོད།
   གཡང་འཛོམས་རྟེན་གཞི་རུ་ལག་རྩལ་སློབ་ཏུ་ཕྱིན་པ་མ་ཟད་ཀུང་སིའི་ལས་བྱེད་མི་སྣར་གྱུར་ཡོད། ན་ནིང་སྡོང་པོ་ཁག་དང་པོར་འབྲས་བུ་སྨིན་དུས་ཤིང་ཏོག་སྲེའུ་བྲོ་བར་རོལ་མྱོང་བྱས་ཡོད། “ཡོང་འབབ་ཡོད་ལ། ད་དུང་ལག་རྩལ་འང་སྦྱོང་ཐུབ”ཉིན་རེར་སྒོར་120ལེན་ཐུབ་པ་མ་ཟད་ད་དུང་ཡལ་ག་འཐེན་པ་དང་སྨན་གཏོར་བ་སོགས་ཀྱི་ལག་རྩལ་ཡང་ཤེས་ཡོད་ཅེས་གཡང་འཛོམས་ཀྱིས་བཤད།

   ལྡུམ་རའི་ནང་དུ་མིའི་གཟུགས་ལས་མཐོ་བའི་སྲེའུ་སྡོང་པོ་སྐྱེ་སྟོབས་རྒྱས་འདུག
    “སྡོང་པོ”འདི་ལ་“བདག་པོ”ཡོད། ཀུའེ་ཨའོ་སེམས་ཀྱི་ཉི་ཟླ་ཁུལ་གྱི་སྤྱི་གཉེར་ཧྲེན་ཡུའུ་ཧའོ་ཡིས་དེ་ལྟར་བཤད། དབུལ་ཕོངས་དུད་ཚང་ལ་“དུད་ཚང་གཅིག་ལ་ཤིང་སྡོང་གཅིག”གི་ཡོང་འབབ་ཀྱིས་དབུལ་སྐྱོར་བྱེད་པ་ནི་འཚོལ་ཞིབ་རྣམ་པ་ཞིག་རེད། ཁེ་ལས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡིག་ཚགས་དང་ཁཱ་བཟོས་ཡོད་པའི་དུད་ཚང་4600ཡི་ཆ་འཕྲིན་གྲངས་མཛོད་དུ་བཅུག་ཡོད་ཅིང་། དུད་ཁྱིམ་རེ་ལ་ལོ་6ནང་སྐྱེ་བའི་སྲེའུ་སྡོང་པོ་རེ་བགོས་ཡོད།
   “གངས་ལྗོངས་མཐོ་སྒང་གི་‘སྲེའུ’ནི་དམར་ཞིང་མངར་མོ་ཡིན་པས་དྲ་ཐོག་གི་གྲགས་ཅན་ལ་འགྱུར་རྒྱུ་གཏན་འཁེལ་རེད།”ཅེས་ཧྲེན་ཡུའུ་ཧའོ་ཡིས་བཤད། འདི་རུ་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་6.9℃ཡིན་ཞིང་། ས་གཤིས་སོབ་སོབ་ཡིན་པ། ཉི་འོད་འདང་ཞིང་། གནོད་འབུ་ཉུང་། དེའི་ཁར་མཁའ་དབུགས་བཟང་ཞིང་། ཆུ་ཁུངས་བཟང་བ་སོགས་ཀྱི་དགེ་མཚན་ལྡན་པས། སྲེའུ་ཡི་མངར་ཚད་དང་བྲོ་བ་ཧ་ཅང་ཡག་པོ་ཡོད།
  
ལུས་བདེ་སེམས་སྐྱིད་ཡོང་བའི་དམངས་ཤག
   ཞོགས་པར། ལོ་51སོན་པའི་བསོད་ནམས་དོན་འགྲུབ་དང་ཆུང་མ་གཉིས་ཀྱིས་ཇ་བསྲུབས་མ་དཀྲུག་ཅིང་ནས་ཕྱེ་བག་ལེབ་བཟོས་ནས་མགྲོན་པོ་ལ་ཞོགས་ཟས་གྲ་སྒྲིག་བྱེད་བཞིན་འདུག
    བསོད་ནམས་དོན་འགྲུབ་ཀྱི་ཁྱིམ་ནི་བདེ་ཆེན་རྫོང་བལ་རི་ཤང་ལྕགས་ཕུགས་གྲོང་སྡེའི་ཤུག་རྟ་གྲོང་སྡེ་རུ་ཡོད་པ་དང་། དེ་ནི་འཛམ་གླིང་རང་བྱུང་ཤུལ་བཞག་“གཙང་གསུམ་མཉམ་འདྲེས”ཀྱི་ལྟེ་བ་ཡིན་ལ་ཁ་བ་དཀར་པོ་དང་ཁ་གཏད་དུ་ཡོད། ལོ་མང་རིང་། གྲོང་མི་ཚོའི་འཚོ་བ་སྐྱོ་པོ་ཡིན་པས་ཁོར་ཡུག་ཇི་འདྲའི་མཛེས་ཀྱང་དེ་ལ་རོལ་མྱོང་བྱེད་སེམས་མེད། ཁང་པ་ཞིག་གསོ་དང་ལམ་བཟོ་བ་སོགས་དཔྱིད་རླུང་དང་འདྲ་བའི་ཏང་གི་སྲིད་ཇུས་ཀྱིས་ཤུག་རྟ་གྲོང་སྡེའི་རྣམ་པར་འགྱུར་བ་བཏང་ཡོད།
    2017ལོར། ཀོང་ཏུང་ཧྥའོ་ཧྲན་གྱི་མི་ཁག་ཅིག་གྲོང་སྡེའི་ནང་རྟོག་ཞིབ་ཏུ་སླེབས་པ་དང་། གནས་འདིའི་མཛེས་ལྗོངས་དང་ཡུལ་སྲོལ་ལ་ཧ་ཅང་དགའ་པོ་བྱུང་བས། ཕྱི་ལོར་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་གྲོང་ཚོ་རུ་མཉམ་ལས་སྤེལ་ནས་ཁ་བ་དཀར་པོའི་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས་དམངས་ཤག་ཐོན་ལས་སྤེལ་བ་རེད།
    “ཐོག་དང་པོར། གྲོང་མི་ཚོས་སོམ་ཉི་བྱེད་ཀྱི་འདུག”ཅེས་བསོད་ནམས་དོན་འགྲུབ་ཀྱིས་བཤད། རང་ཉིད་དང་གྲོང་ཚོའི་ཚོགས་གཙོ་རིན་ཆེན་རྡོ་རྗེ་དང་། རྩིས་པ་སྐལ་བཟང་དོན་འགྲུབ་ཀྱིས་འགོ་ཁྲིད་ནས་དཔེ་སྟོན་བྱས་ཏེ་ལས་མི་གདན་འདྲེན་ཞུས་པ་དང་ཤིང་ཆ་གྲ་སྒྲིག་བྱས། ཀུང་སི་ནས་ངར་ལྕགས་སོགས་འཛུགས་སྐྲུན་སྒྲིག་ཆས། དེ་བཞིན་ཁྱིམ་ཆས་དང་གློག་འདོན་སྒྲིག་ཆས་འཐུས་ཚང་མཁོ་འདོན་བྱས་ཡོད། ན་ནིང་ལོའི་ཟླ་8པར། བོད་ལུགས་སྡོད་ཤག་ཏུ་འགྲུལ་བ་བསུ་འགོ་བརྩམས་ཡོད།
    དམིགས་བསལ་གྱི་དཔལ་འབྱོར་གཉེར་བའི་རྣམ་པ་གྲོང་མི་ཚོའི་སེམས་ལ་བབས་པས་ཚང་མས་ཀྱང་ཁག་བགོས་ནས་དམངས་ཤག་སྐྲུན་པ་རེད། མིག་སྔར། དམངས་ཤག་ཆེས་མཐའ་མ་དེ་བསྐྲུན་ནས་འགྲུབ་ཡོད་པ་དང་ད་ལོར་ཤུག་རྟ་གྲོང་སྡེའི་དམངས་ཤག་ཁྱོན་ཡོངས་ནས་སྒོ་འབྱེད་ཐུབ་རྒྱུ་རེད།
བསོད་ནམས་དོན་འགྲུབ་ཀྱིས། ང་ཚོའི་འཚོ་བ་ཇེ་བཟང་དང་ཇེ་བཟང་ཡིན་པ་གངས་རིས་དཔང་པོ་བྱེད་ཀྱི་ཡོད་ཅེས་བཤད།
   
རྒུན་ཆང་བསིལ་མས་སེམས་པ་གསོས་ཡོད།
   འབའ་ལུང་རྫོང་ནི་ཚ་བ་ཆེ་ཞིང་ལུང་བ་མང་བ། ཉིན་མཚན་གྱི་དྲོད་གྲང་ཁྱད་ཆེ་བས། རྒུན་འབྲུམ་སྐྱེས་པར་འོས་ཤིང་འཚམ་པ་ཡོད། ལ་ཕུ་ལུང་གཞུང་ནི་ཆང་བསྙལ་ཆོག་པའི་རྒུན་འབྲུམ་འདེབས་འཛུགས་ཁུལ་ཡག་ཤོས་རེད། ཡིན་ནའང་། ལོ་མང་རིང་། ས་གནས་དེ་གའི་གྲོང་མི་ཚོས་གཙོ་བོ་མ་རྨོས་ལོ་ཏོག་དང་གྲོ་འདེབས་ཀྱི་ཡོད་པས་ཡོང་འབབ་ཉུང་ཉུང་ལས་མེད།
    རྒུན་ཆང་ཐོན་ལས་འཕེལ་རྒྱས་གཏོང་ཆེད། འབའ་ལུང་རྫོང་གིས་སྲིད་ཇུས་བཏོན་ནས། རྟེན་གཞི་བཙུགས་ཏེ་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ཤིང་། ཞིང་ཁར་ཆུ་གྲོན་ཆུང་གིས་ཞིང་ཆུ་གཏོང་བ་སོགས་ཀྱི་སྒྲིག་ཆས་འཐུས་ཚང་བཏང་ནས། ཐོན་ལས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད། མིག་སྔར། རྒུན་འབྲུམ་བསིལ་མ་མུའུ་5300བརྒལ་བར་འདེབས་འཛུགས་བྱས་ཡོད།
   ལ་ཕུ་ལུང་གཞུང་ཆང་བསྙལ་ཁང་ནས་ཐོན་པའི་ཆང་བསིལ་མ་རྩེ་གྲ་དམ་བེ་རེའི་རིན་གོང་སྒོར་སྟོང་ཕྲག་ཟིན་ཞིང་། “གནས་འདིར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2000ཡས་མས་ཙམ་ཡོད་པ་ད་ང། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་2པའི་བར་ནི་སད་དུས་ཡིན་ཞིང་། རྒུན་འབྲིམ་བསིལ་མའི་སྤུས་ཚད་བཟང་བ་ཡོད”ཅེས་ཆང་བསྙལ་ཁང་གི་ལས་རོགས་དང་ཆང་བསྙལ་མཁན་ཝང་ཀུའེ་ལུང་གིས་བཤད།
   ཆང་བསྙལ་ཁང་དེ་ནི་གྲོང་མི་དང་མཉམ་ལས་བྱས་པ་ཡིན་ཞིང་། ས་ཞིང་འཁོར་རྒྱུག་དང་། རྒུན་འབྲུམ་ཉོ་སྒྲུབ་སོགས་ཀྱི་ཐབས་ཤེས་བརྒྱུད་ནས་གྲོང་མི་རྣམས་སྐུལ་སློང་བྱས་ཡོད་པ་དང་། དེས་ཉེ་འཁོར་གྱི་དུམ་ཁྱིམ་500ལྷག་གི་གྲོང་མི་སྣེ་ཁྲིད་བྱེད་ཐུབ་ཡོད།

                                                                                                                               【1】  【2】

༄༅།།བདེ་ཆེན་ཁུལ་གྱི་“ཐོན་ལས་གསར་པ།”