འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་18ཉིན།

༄༅།།སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་གི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་6000བཏང་བ།

ཡུན་ནན་གྱི་ཐན་སྐྱོན་བྱུང་བའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོབ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་18ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འཕྲལ་སྡོམ་དོ་དམ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ཡུན་ནན་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་6000བཏང་བ་དེ་དག་གཙོ་བོ་ཡུན་ནན་ཞིང་ཆེན་གྱི་དུས་ཐེངས་གོང་མའི་ཐན་སྐྱོན་བྱུང་བའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོབ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་ལ་སྤྱོད་རྒྱུ་ཡིན་པ་རེད།
   འདི་ལོའི་དཔྱིད་ཀ་ཤར་བ་ནས་བཟུང་། ཡུན་ནན་ལ་ཐན་པ་ཡང་ཡང་བསྟན་པར་བརྟེན། ཆར་ཆུ་འབབ་ཚད་ཉུང་དུ་ཕྱིན་ནས་ཐན་སྐྱོན་ཆེ་རུ་འགྲོ་བཞིན་ཡོད། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་བཀྲམ་པའི་ཟླ་5པའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་གནས་ཚུལ་ལས་མངོན་པར། ཟླ་5པར་ཡུན་ནན་གྱི་ས་ཆ་མང་ཆེ་བར་ཚ་བ་ཆེ་ལ་ཆར་ཆུ་ཉུང་བའི་གནམ་གཤིས་སླར་ཡང་བསྟན་ཏེ། དྲོད་ཚད་རྒྱུན་གཏན་ལས་ཧྲེ་ཧྲི་ཏུའུ་1ནས་4བར་མཐོ་རུ་ཕྱིན་པ་དང་། ས་ཆ་ཁག་གཅིག་ལ་ཆར་ཆུ་འབབ་ཚད་བཅུ་ཆ་བརྒྱད་ཡན་ཉུང་དུ་ཕྱིན་ནས། ཟླ་4པའི་ཟླ་མཇུག་བར་ཐན་པ་བསྟན་ནས་ཞི་ལྷོད་དུ་སོང་རྗེས་སླར་ཡང་ས་ཆ་ཁ་ཤས་ལ་ཚབས་ཆེ་རུ་ཕྱིན་ཡོད། ཐན་སྐྱོན་གྱི་ཁྱབ་ཁོངས་རྫོང་གྲོང་ཁྱེར་དང་ས་ཁུལ)81ནས་104བར་ཆེ་རུ་ཕྱིན་ནས་ཐན་སྐྱོན་གྱིས་རྐྱེན་པས་འཚོ་བར་རོགས་སྐྱོར་དགོས་མཁན་མི་ཁྲི་115.2དང་། ལོ་ཏོག་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིངས་སྟོང་694.8ཟིན་ནས་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་23ཕོག་ཡོད་པ་རེད།