མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་ཀོང་ཀྲོའུ་ཚོང་འདུས་སྐབས་127པའི“སྤྲིན་ཚོམ་ འགོ་ཚུགས”མཛད་སྒོར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་17ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་དུ་ཀོང་ཀྲོའུ་ཚོང་འདུས་སྐབས་127པའི“སྤྲིན་ཚོམ་འགོ་ཚུགས”མཛད་སྒོར་ཕེབས་པ་དང་འབྲེལ། ཁེ་ལས་ཀྱི་དྲ་ཐོག་འགྲེམས་སྟོན་ཚོམས་ཆེན་ལ་གཟིགས་སྐོར་ཡང་གནང་བ་རེད།
   ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱིས་བྱ་ཐབས་གསར་གཏོད་བྱས་ཏེ་དྲ་ཐོག་ཏུ་གཉེར་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཁྲི་2.6ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།
    སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། ལི་ཁེ་ཆང་གིས་ཀོང་ཀྲོའུ་ཚོང་འདུས་སྐབས་127པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
    དེ་རྗེས་ལི་ཁེ་ཆང་གིས་བསྟུད་མར་ཁེ་ལས་ཁ་ཤས་ཀྱི་དྲ་ཐོག་འགྲེམས་སྟོན་ཚོམས་ཆེན་ལ་སྐོར་གཟིགས་གནང་བ་རེད། ཀོ་ལིས་གློག་ཆས་འགྲེམས་སྟོན་ཚོམས་ཆེན་དུ་ཁེ་ལས་ཀྱི་འགན་ཁུར་མི་སྣས། ད་ཐེངས་ཀྱི་ཀོང་ཀྲོའུ་ཚོང་འདུས་དྲ་ཐོག་ཏུ་གཉེར་བ་དེ་རྣམ་པ་གསར་གཏོད་བྱས་པ་ཞིག་ཡིན་པ་མ་ཟད། ད་དུང་ཐོན་རྫས་ཚང་མ་འགྲེམས་སྟོན་བྱེད་ཆོག་གི་འདུག་པས། ང་ཚོས་དེ་བས་ཡག་པའི་ཐོན་རྫས་ལ་བརྟེན་ནས་འཛམ་གླིང་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་ཞུས་པ་རེད། ལི་ཁེ་ཆང་གིས། ད་ཐེངས་དྲ་ཐོག་ཏུ་ཀོང་ཀྲོའུ་ཚོང་འདུས་གཉེར་བ་ནི་དམིགས་བསལ་དུས་སྐབས་ཀྱི་གསར་གཏོད་བྱ་ཐབས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བདེ་འཇགས་སྲུང་སྐྱོང་ཧུར་ཐག་བྱེད་པའི་ཀྲུང་གོའི་ཆོད་སེམས་བརྟན་པོ་མངོན་པར་བྱས་པ་ཞིག་རེད་ཅེས་གསུངས་པ་རེད། ཁོང་གིས་ཁེ་ལས་ཀྱིས་ཁྲོམ་རའི་དགོས་མཁོར་དམིགས་ནས་ཚན་རྩལ་གསར་གཏོད་བྱས་ཏེ་སྤུས་ཚད་མཐོ་བ་དང་འཛད་སྤྱོད་པས་ཁས་ལེན་པའི་ཐོན་རྫས་རྒྱུན་ཆད་མེད་པར་ཐོན་སྐྱེད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་དང་། དེ་བས་ཆེ་བའི་འགྲན་རྩོད་ནུས་པ་མངོན་པ། གྲུབ་འབྲས་དེ་བས་ལེགས་པ་བརྩོན་ལེན་བཅས་བྱས་ཏེ་ཀྲུང་གོའི་ལན་པར་གྱི་མིང་བྱང་ཡག་པོ་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།
    ལེ་ཀོ་ཚན་རྩལ་ཀུང་སི་ནི་ཉིང་པོ་གྲོང་ཁྱེར་གྱི་རིག་ལྡན་གཞུང་ལས་དང་བདེ་ཐང་ཁྱིམ་ཆས་སོགས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཤིག་ཡིན་ཞིང་། ཁེ་ལས་ཀྱི་འགན་འཁུར་མི་སྣས་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་བརྒྱུད། ཕྱིར་གཏོང་ལྡོག་འཕར་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་རེད། ལི་ཁེ་ཆང་གིས་ད་དུང་ཁོང་ཚོར་དཀའ་ངལ་ག་རེ་ཡོད་མེད་སྐོར་བཀའ་འདྲི་གནང་བ་རེད། ཁེ་ལས་ཀྱི་འགན་འཁུར་མི་སྣས་ཕྱི་རྒྱལ་དུ་མཛོད་ཁང་རྒྱས་བསྐྲུན་བྱེད་རྩིས་ཡོད་པ་དེ་ཡང་ཁེ་ལས་འབྲིང་ཆུང་གཞན་དག་གིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་སྐུལ་ཁྲིད་བྱེད་རྒྱུར་ཕན་པ་ཡོད་པས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཅེས་ཞུས་པ་རེད། ལི་ཁེ་ཆང་གིས། རིམས་ནད་ཁྱབ་ཆེ་བའི་རྒྱབ་ལྗོངས་འོག་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་བ་ནི། ཁེ་ལས་འཚོ་གནས་ཀྱི་ཐབས་ལམ་ཞིག་རེད་ལ། འགྲན་རྩོད་ཀྱི་ཐབས་ཇུས་ཤིག་དེ་བས་རེད། ཁེ་ལས་འབྲིང་ཆུང་ལ་ཞབས་འདེགས་ཞུ་བའི་ཕྱི་རྒྱལ་མཛོད་ཁང་གི་ལས་སྟེགས་དེ་བས་མང་བ་བསྐྲུན་རྒྱུ་དེ། ཁེ་ལས་འབྲིང་ཆུང་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་བརྒྱུད་མཉམ་འདྲེས་འཕེལ་རྒྱས་དང་མཉམ་གནས་མཉམ་དར་བྱེད་པར་ཕན་པ་ཡོད་ཅེས་གསུངས་པ་དང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་ཀྱིས་བཏོན་པའི་གྲོས་འགོར་ཞིབ་འཇུག་དང་རྒྱབ་སྐྱོར་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

  
style="display:none;"