འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་16ཉིན།

༄༅།།ཚེས་14ཉིན་པེ་ཅིང་དུ་མི་ཁྲི་7ལྷག་ལ་ཉིང་སྐྱུར་བཤེར་འཇལ་བྱས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་16ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚེས་14ཉིན་པེ་ཅིང་དུ་མི་ཁྲི་7ལྷག་ལ་ཉིང་སྐྱུར་བཤེར་འཇལ་བྱས།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གསར་འགོད་པས་ཚེས་15ཉིན་གྱི་སྔ་དྲོར་འཚོགས་པའི་པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་སོགས་ནས་ཤེས་རྟོགས་བྱུང་གསལ། “བཤེར་འཇལ་དགོས་ཚད་ལ་བཤེར་འཇལ་དང་། བཤེར་འཇལ་བྱེད་འདོད་ཡོད་མཁན་ཀུན་ལ་བཤེར་འཇལ་བྱེད”པའི་རྩ་དོན་ལ་གཞིགས་ནས། པེ་ཅིང་གྲོང་ཁྱེར་གྱིས་ཉིང་སྐྱུར་བཤེར་འཇལ་ལས་དོན་སྐུལ་འདེད་དང་སྡེ་ཁུལ་ཁག་ཅིག་ལ་བཀག་སྡོམ་དོ་དམ་ལག་བསྟར་བྱས་པ་རེད། ཧའེ་ཏེན་ཆུས་ཡུའུ་ཆོན་ཏུང་ཚོང་རྫས་བརྗེ་རེས་ཁྲོམ་རའི་ཉེ་འཁོར་གྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་ཐོན་ལོ་རིམ་མིན་པའི་ལོ་རིམ་ཚང་མས་སློབ་མཚམས་བཞག་ཡོད།
    པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་མགྲིན་ཚབ་པ་ཀའོ་ཞའོ་ཅུན་གྱིས། ཚེས་14ཉིན། པེ་ཅིང་གྲོང་ཁྱེར་ཉིང་སྐྱུར་བཤེར་འཇལ་སྒྲིག་གཞི་ཡིས་ཁྱོན་བསྡོམས་མི་76499ལ་བཤེར་འཇལ་བྱས་པ་ལས། མི་59ཡི་བཤེར་འབྲས་ནི་གདགས་གཤིས་མངོན། དེའི་ཁྲོད་དུ་ཏི་ཐན་སྨན་ཁང་དུ་ནད་དཔེ་27ཡོད་པ་དང་། གསར་དུ་གཏན་འཁེལ་བྱས་པའི་ནད་དཔེ་21ཡོད། གདགས་གཤིས་ཅན་11ལ་རིམ་གྱིས་བཤེར་འཇལ་བརྟག་དཔྱད་བྱེད་དགོས།
    ཀའོ་ཞའོ་ཅུན་གྱིས། ཟླ་5ཚེས་30ཉིན་ཚུན་ལ་ པེ་ཅིང་དུ་ཞིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའམ་ཡང་ན་ཚོང་རའི་མི་སྣ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན་ཕྱིན། རང་འགུལ་གྱིས་ལས་ཁུངས་དང་སྡེ་ཁུལ་ལ་སྙན་སེང་ཞུ་དགོས། ཉིང་སྐྱུར་བཤེར་འཇལ་ཚད་ལེན་དང་ཁྱིམ་སྡོད་ལྟ་ཞིབ་ཀྱང་བྱ་དགོས། གལ་ཏེ། ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཡོད་ཚེ། སྡེ་ཚན་དང་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་མ་ཟད། དུས་ཐོག་ཏུ་ཐག་ཉེ་སའི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱ་དགོས། 
    ཧའེ་ཏེན་ཆུས་ཡུས་ཆོན་ཏུང་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་མི་སྣར་སྔ་རྗེས་སུ་ཞིན་ཧྥ་ཏི་དང་འབྲེལ་བ་ཡོད་པའི་གློ་ཚད་ཀྱི་ནད་དཔེ་མང་པོ་ཤེས་རྟོགས་བྱུང་ཡོད། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཆུས་ཀྲང་གཞོན་པ་ལི་ཅུན་ཇེ་ཡིས། ཚེས་15ཉིན་གྱི་ནམ་གུང་ཆུ་ཚོད་བཅུ་གཉིས་ནས་བཟུང་། ཡུས་ཆོན་ཏུང་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་མཐའ་འཁོར་གྱི་སྡེ་ཁུལ་10བཀག་སྡོམ་དོ་དམ་དང་མི་སྣ་ལོགས་སུ་བཀར་ནས་ཉིང་སྐྱུར་བཤེར་འཇལ་ཚད་ལེན་བྱས་པ་ཡིན། ཁྲོམ་རའི་མཐའ་འཁོར་གྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་ཐོན་མིན་པའི་ལོ་རིམ་ཚང་མས་སློབ་མཚམས་བཞག་ནས་ཁྱིམ་སྡོད་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་དང་། སློབ་འབྲིང་སློབ་ཐོན་ལོ་རིམ་གྱིས་མུ་མཐུད་དུ་སྔ་མའི་སློབ་ཁྲིད་བཀོད་སྒྲིག་ལྟར་བྱེད་རྒྱུ་ཡིན་ལ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ་དང་འབྲེལ་རིག་ནུས་ལུས་དྲོད་འཇལ་ཆས་དང་ཟུང་འབྲེལ་བྱས་ནས་གྲལ་བཤེར་བྱ་དགོས་པ་བསྟན།  
    ཉིན་དེར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་དགེ་སློབ་དང་ལས་བཟོའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་བརྡ་ཐོ་བཏང་ནས། སློབ་གྲྭ་བལྟོས་བཅས་ཀྱི་བཀག་སྡོམ་དོ་དམ་མུ་མཐུད་ལག་བསྟར་དང་སློབ་གྲྭའི་ནང་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྣ་ཚོགས་ནན་མོ་བྱེད་དགོས་ཞེས་པེ་ཅིང་གྲོང་ཨུད་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ལི་དབྱི་ཡིས་བཤད། སློབ་གྲྭར་ལོག་ནས་སློབ་ཁྲིད་སླར་གསོ་བྱས་ཟིན་པའི་སློབ་མ་ཚོས་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ནས་རང་མོས་ངང་ཁྱིམ་དུ་སློབ་སྦྱོང་བྱེད་ཆོག་པ་བསྟན། 
    “ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཕྲུ་གུ་ཚང་མའི་བདེ་ཐང་དང་བདེ་འཇགས་འགན་ལེན་བྱ་ཆེད། མཐོ་གསུམ་དང་དམའ་གསུམ་ནི་རྒྱུགས་མ་སྤྲད་གོང་གི་ཉིན་14ཡི་སྔོན་ལ་སློབ་གྲྭའི་འཚོ་བ་མཇུག་འགྲིལ་རྒྱུ་རེད། ”ང་ཚོས་སློབ་གྲྭ་ཁག་གི་ལོ་རིམ་མི་འདྲ་བའི་སློབ་མ་སློབ་གྲྭ་ལོག་ནས་སློབ་ཚན་འགོ་ཚུགས་རྗེས། དྲ་ཐོག་ནས་སློབ་སྦྱོང་དང་སློབ་གསོའི་ཐོན་ཁུངས་ཆད་དུ་མི་འཇུག་ཅིང་། དམིགས་སའི་རང་བཞིན་གྱི་སྦྱོང་ཚན་ཟུར་ཁྲིད་དང་སེམས་ཁམས་ཀྱི་དོ་ཁུར་ཡག་པོ་བྱེད་དགོས་ཟེར། 
    ཤེས་རྟོགས་བྱུང་བར་གཞིགས། ཞིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་འབྲེལ་ཡོད་མི་སྣར་ཉིང་སྐྱུར་གྲལ་བཤེར་ལས་དོན་ཡག་པོ་སྒྲུབ་ཆེད། ཏུང་ཁྲེང་དང་། ཤིས་ཁྲེང་། ཧྲི་ཅིང་ཧྲན། མོན་ཐོའུ་ཀོའུ་སོགས་འབྲེལ་ཡོད་ཆུས་དང་། པེ་ཅིང་ཨན་ཀྲེན་སྨན་ཁང་དང་། ཁྲའོ་དབྱང་སྨན་ཁང་། ཅི་ཧྲུའེ་ཐན་སྨན་ཁང་། ཡུས་ཤུན་གསོ་རིག་ཞིབ་བཤེར་ཚོད་ལྟ་ཁང་། ཨན་ནུའོ་ཡིའུ་ཏ་གསོ་རིག་བརྟག་བཤེར་ཚོད་ལྟ་ཁང་བཅས་ཀྱིས་ཧྥེང་ཐའེ་ཆུས་ལ་ཆ་འཕྲིན་འཚོལ་བསྡུ་དང་མ་དཔེ་ཞིབ་དཔྱད་ཚད་ལེན་གྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱ་རྒྱུ་དང་། ཚེས་15ཉིན་གྱི་ཆུ་ཚོད་6པའི་བར་པེ་ཅིང་གྲོང་ཁྱེར་གྱི་ཆུས་16དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་དཔེ་ལེན་ས་ཚིགས་193བཙུགས་ཡོད། 
【1】  【2】
༄༅།།ཚེས་14ཉིན་པེ་ཅིང་དུ་མི་ཁྲི་7ལྷག་ལ་ཉིང་སྐྱུར་བཤེར་འཇལ་བྱས།