འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་15ཉིན།

༄༅༎བོད་ལྗོངས་དགེ་རྒྱས་རྫོང་བྱང་སྨད་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་གིས་མང་ཚོགས་2412ལ་
ཁེ་སྤོགས་སྒོར་ཁྲི་227ལྷག་ཙམ་བགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་15ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ▶ ཚྭ་ཁ་ཤང་གི་ལས་བྱེད་པ་ཚོས་མང་ཚོགས་ལ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་སློབ་གསོ་སོགས་ཀྱི་ཐད་ནས་སྲིད་ཇུས་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ་བྱང་སྨད་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་གིས་ཁྱོན་ཡོང་འབབ་སྒོར་ཁྲི་227ལྷག་ཙམ་བགོས་པ་དང་། དུད་ཚང་556གི་མང་ཚོགས་2412ལ་ཕན་པ་ཐོབ་ཡོད།
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉེ་དུས། བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོར“གཤམ་སྤེལ་ལྔ”དང་དམངས་ཕན་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་བྱེད་སྒོ་སྤེལ་བ་རེད།
     བྱེད་སྒོ་སྤེལ་རིང་ཚྭ་ཁ་ཤང་གི་ལས་བྱེད་པ་ཚོས་མང་ཚོགས་ལ་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་སློབ་གསོ་སོགས་ཀྱི་ཐད་ནས་སྲིད་ཇུས་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ“མཛེས་སྡུག་ལྡན་པའི་ཚྭ་ཁ་བསྐྲུན། མཛེས་སྡུག་ལྡན་པའི་ཁྱེད་དང་ང་ཡི་མེས་རྒྱལ”ཞེས་པའི་ཚ་རླབས་ཤིག་སྔར་བས་འཕྱུར་བར་བྱས་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་བྱང་སྨད་གྲོང་ཚོའི་དམངས་ཕན་མཉམ་ལས་ཁང་གིས་ཁྱོན་ཡོང་འབབ་སྒོར་ཁྲི་227ལྷག་ཙམ་བགོས་པ་དང་། དུད་ཚང་556གི་མང་ཚོགས་2412ལ་ཕན་པ་ཐོབ་ཡོད། ཡོང་འབབ་རག་པའི་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་ཏང་དང་སྲིད་གཞུང་གི་རོགས་སྐྱོར་དང་དམངས་ཕན་སྲིད་ཇུས་ལ་བསྔགས་བརྗོད་བྱས་པ་རེད།
     བྱང་སྨད་གྲོང་ཚོའི་ཚོགས་ཆུང་གསུམ་པའི་སྲིད་ཆོས་ཚེ་དབང་ལ་ད་ཐེངས་ཀྱི་ཁེ་སྤོགས་བགོ་འགྲེམས་རག་པ་མ་ཟད་ད་དུང་བུའི་སློབ་ཆེན་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཡང་རག་ཡོད། ཁོང་གིས“མཉམ་ལས་ཁང་གི་ཁེ་སྤོགས་བགོ་འགྲེམས་དང་བུ་ཕྲུག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པར་བརྟེན། ངའི་ཁྱིམ་ཚང་གི་འཚོ་བའི་གནོན་ཤུགས་ཆུང་དུ་སོང་བས་སྙིང་དབུས་ནས་མཉམ་ལས་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཏང་དང་སྲིད་གཞུང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དགའ་ཚོར་ཆེན་པོས་བཤད།
     བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།