མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་2020ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་
ལོའི་འགོ་འཛུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་14ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་6ཚེས་12ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ལོའི་འགོ་འཛུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
   ལི་ཁེ་ཆང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། ཕན་ཚུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔའི་གྲངས་འཛིན་དཔལ་འབྱོར་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པས་འཛམ་གླིང་གི་དཔལ་འབྱོར་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་སླར་ཡང་གཏོད་བཞིན་ཡོད། ན་ནིང་ང་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་2020ལོ་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ལོར་གཏན་འཁེལ་བྱས་པ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་མདུན་དུ་གྲངས་འཛིན་དཔལ་འབྱོར་དེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བ་དང་། ལས་ཞུགས་ཀྱི་གོ་སྐབས་སྔར་བས་མང་བ་གཏོད་པ། དམངས་འཚོ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གྲངས་འཛིན་དཔལ་འབྱོར་མཉམ་ལས་ལོ་དེ་གོ་སྐབས་སུ་བརྩིས་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཕན་ཡོང་བར་དམིགས་ནས་རིག་ལྡན་གྲོང་ཁྱེར་དང་། མིས་བཟོས་རིག་ནུས། གྲངས་གཞི་ཆེ་མོ་སོགས་ཐོན་ལས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་སྔར་བས་མང་བ་སྐྱེད་སྲིང་བྱས་ཏེ་ཕྱོགས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་སྟོབས་ཆེན་བསྐྲུན་ནས་ས་ཁུལ་དེ་གར་རྒྱུན་མཐུད་བརྟན་ལྷིང་དང་དར་རྒྱས་ཡོང་བར་གསོན་ཤུགས་གསར་པ་སྦྱིན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཝེ་ཐེ་ནམ་གྱི་ཙུང་ཐུང་རོན་ཁྲུང་ཧྥུའུ་ཡིས་ཀྱང་འགོ་འཛུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད།

  
style="display:none;"