མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་སྐུ་གཤེགས་པར་པུ་རུན་ཏིའི་ཙུང་ཐུང་ལ་བདམས་པའི་
ཨེན་ཏ་དབྱི་ཧྲི་སྨི་ཡེ་ཕྱོགས་ལ་མྱ་ངན་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་14ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་སྙུང་གཞི་ཕོག་ནས་སྟབས་མི་ལེགས་པར་སྐུ་གཤེགས་པར་པུ་རུན་ཏིའི་ཙུང་ཐུང་ལ་བདམས་པའི་ཨེན་ཏ་དབྱི་ཧྲི་སྨི་ཡེ་ཕྱོགས་ལ་མྱ་ངན་གློག་འཕྲིན་བཏང་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་གནང་བ་དང་འབྲེལ་རང་ཉིད་སྒེར་གྱི་མཚན་ཐོག་ནས་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་གནང་བ་དང་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་ཡི་ནང་མི་དང་པུ་རུན་ཏིའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཡང་ཞུས་གནང་བ་རེད།
    ཞི་ཅིན་ཕིང་གིས་པུ་རུན་ཏིའི་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་ཡིས་པུ་རུན་ཏིའི་མི་དམངས་ལ་འགོ་ཁྲིད་གནང་སྟེ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ། རྒྱལ་ཁབ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་གནང་བས་པུ་རུན་ཏིའི་མི་དམངས་ཀྱི་དགའ་གཅེས་ཐོབ་ཡོད། ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ་སྐུ་འཚོ་བཞུགས་སྐབས་སུ་ཀྲུང་པུའི་སྲོལ་རྒྱུན་མཛའ་གྲོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཀྲུང་པུའི“དུས་དང་རྣམ་པ་ཀུན”གྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་སྐུ་གཤེགས་པ་ནི་པུ་རུན་ཏིའི་མི་དམངས་ཀྱི་ངོས་ནས་བརྗོད་ན་གྱོང་གུན་ཚབས་ཆེན་ཞིག་རེད་ལ། ཀྲུང་པུའི་མཛའ་གྲོགས་བྱ་གཞག་གི་ངོས་ནས་བརྗོད་ནའང་གྱོང་གུན་ཚབས་ཆེན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་པུ་རྒྱལ་ཁབ་གཉིས་པོའི“དུས་དང་རྣམ་པ་ཀུན”གྱི་མཛའ་གྲོགས་ལ་བརྩིགས་ཆེན་བྱས་ཏེ་པུ་རུན་ཏི་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"