འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་11ཉིན།

༄༅།།རང་རྒྱལ་གྱིས་འཁོར་སྐར་གསར་པ་ཞིག་བཏང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་འཁོར་སྐར་གསར་པ་ཞིག་བཏང་།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་11ཉིན་གྱི་ཆུ་ཚོད་2དང་སྐར་མ་31ཐོག  རང་རྒྱལ་གྱིས་ཐའེ་ཡོན་འཁོར་སྐར་འཕེན་གཏོང་ལྟེ་བ་ནས་རྒྱང་སྐྱོད་ཨང་གཉིས་པའི་མེ་ཤུགས་འཕུར་མདའ་ག་བ་བེད་སྤྱད་ནས། རྒྱ་མཚོ་ཨང་དང་པོའི་འཁོར་སྐར་Dསྔོན་དཔག་གི་འཁོར་ལམ་དུ་སྐྱེལ་བ་དང་འཁོར་སྐར་བདེ་བླག་ངང་འཕེན་ཐུབ་པ་བྱུང་ཡོད། 
    རྒྱ་མཚོ་ཨང་དང་པོའི་འཁོར་སྐར་ D ནི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་བཟོ་ཐོན་སྐྱེད་བྱས་པའི་རྒྱ་མཚོའི་ཆུ་མདོག་ལས་སྒོའི་འཁོར་སྐར་ཡིན་ཞིང་། འཕེན་གཏོང་ལེགས་འགྲུབ་བྱུང་རྗེས་རྒྱ་མཚོ་ཨང་དང་པོའི་འཁོར་སྐར་Cདང་མཉམ་དུ་འཁོར་ལམ་དྲ་བར་འཁོར་སྐྱོད་བྱ་རྒྱུ་རེད། བེད་སྤྱོད་ས་གཙོ་བོ་ནི་གོ་ལ་ཧྲིལ་བོའི་རྒྱ་མཚོའི་མདོག་དང་ཆུའི་དྲོད་ཚད་ཀྱི་ཆ་འཕྲིན་དང་། རང་རྒྱལ་ཉེ་འཁོར་གྱི་རྒྱ་མཚོ་དང་གོ་ལ་ཧྲིལ་བོའི་གཙོ་གནད་ཁུལ་གྱི་རྒྱ་མཚོའི་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ཆ་འཕྲིན་དང་སྐམ་སའི་ཐོག་གི་གཞི་གྲངས། མཚོ་ཐོག་གྲུ་གཟིངས་ཀྱི་ཆ་འཕྲིན་ཐོབ་པ་བྱེད་ནས། རྒྱ་མཚོའི་ཁོར་ཡུག་ཚོད་ཞིབ་དང་སྔོན་བརྡ། རྒྱ་མཚོའི་གནོད་འཚེ་སྔོན་བརྡ། རྒྱ་མཚོའི་བདག་དབང་སྲུང་སྐྱོང་ཁྲིམས་ལྟར་ལག་བསྟར་དང་རྒྱ་མཚོའི་ཚན་རིག་ཞིབ་འཇུག་བཅས་ལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། 
༄༅།།རང་རྒྱལ་གྱིས་འཁོར་སྐར་གསར་པ་ཞིག་བཏང་།