འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་11ཉིན།

༄༅།།ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཝེ་ཐེ་རྒྱལ་ཕྲན་མཉམ་འབྲེལ་ཐེབས་
རྩའི་སྐྱེད་ཚད་ཀྱི་དམིགས་ཚད་བར་མཚམས་ལ་འགྱུར་བ་མེད་པ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཝེ་ཐེ་རྒྱལ་ཕྲན་མཉམ་འབྲེལ་ཐེབས་
རྩའི་སྐྱེད་ཚད་ཀྱི་དམིགས་ཚད་བར་མཚམས་ལ་འགྱུར་བ་མེད་པ།
  མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་ཚེས་10ཉིན་ཝེ་ཐེ་རྒྱལ་ཕྲན་མཉམ་འབྲེལ་ཐེབས་རྩའི་སྐྱེད་ཚད་ཀྱི་དམིགས་ཚད་བར་མཚམས་དེ་ཀླད་ཀོར་ནས་0.25%བར་དུ་གནས་པ་དང་། ཚོང་རའི་སྔོན་དཔག་དང་མཐུན་པ་ཁྱབ་བསྒྲགས་བྱས་པ་རེད།  དུས་མཚུངས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་སྔོན་དཔག་བྱས་ན། 2020ལོའི་ཨ་རིའི་དཔལ་འབྱོར་6.5%ཆག་རྒྱུ་ཡིན་པ་བསྟན་ཡོད། འདི་ནི་ཟླ་6ཚེས་10ཉིན་པར་བླངས་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱི་ཀྲུའུ་ཞི་པའོ་ཝེར་གྱིས་ཝ་ཧྲིན་ཐོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བཞིན་པའི་བརྙན་ལམ་ཐད་གཏོང་པར་ཡིན་པ།