འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་11ཉིན།

༄༅།།“ཐོན་ལས་ཆུང་ངུར”བརྟེན་ནས་དབུལ་སྒྲོལ་གྱི“ཁོག་མ་ཆེན་པོ”བཏེགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ■ “ཏེ་པང་ལུག་གསོ་ཚགས་ཀྱི་དབུལ་སྐྱོར་རྣམ་གྲངས”ནི་2016ལོར་གྲོང་ཚོར་ནང་འདྲེན་བྱས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན། དེ་དག་ནི“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”ཟུང་འབྲེལ་དང་ཚབ་གཉེར་གསོ་ཚགས་ཀྱི་ཐབས་ལ་བརྟེན་ནས་མཉམ་ལས་ཁང་ལ་གསོ་ཚགས་བྱས་པ་ཞིག་ཡིན་པས་བྱུང་བའི་ཁེ་ཕན་དག་དུད་ཚང་དབུལ་པོར་བགོ་འགྲེམས་རྒྱག་གི་ཡོད།
   ■ ཚབ་གཉེར་གསོ་ཚགས་ཀྱི་དབུལ་སྐྱོར་བྱ་ཐབས་ཕུད། ད་དུང་ལྷས་ར་བོགས་གཏོང་དང་། དབུལ་སྐྱོར་དངུལ་བུན་གཡར་བ། འབྲུ་རིགས་གཟན་ཆག་ཏུ་འགྱུར་བའི་དབུལ་སྐྱོར། གླ་པ་བསྡུ་བ་སོགས་བྱ་ཐབས་ཁག་5ཡོད། 2016ལོ་ནས་བཟུང་བྱ་ཐབས་ལྔ་པོ་སྤྱད་ནས་མིག་སྔའི་བར་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་ཐེངས་3500ལྷག་ཙམ་འབབ་འཕར་དབུལ་སྒྲོལ་ཐུབ་ཡོད།
    “ཏེ་པང་གིས་ཚབ་གཉེར་གསོ་ཚགས་བྱས་པའི‘དབུལ་སྐྱོར་ལུག’ཡང་བཤས་གཏོང་འགོ་ཚུགས་པ་དང་དེ་དག་ཕྱི་ཕྱོགས་སུ་དབོར་འདྲེན་བྱ་རྒྱུ་ཡིན་པའི”གནས་ཚུལ་ཧྲན་ཏུང་ཞིང་ཆེན་ཡུས་གྲོང་ཁྱེར་ཀྲང་ཀྲོང་གྲོང་རྡལ་ཆན་ཝང་གྲོང་ཚོའི་གྲོང་མི་ཧྲང་ཀྲེན་ལེང་གིས་གོ་ཐོས་བྱུང་བ་རེད།
    ཆན་ཝང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཁྱུར་ནས་ཟླ་བ་5ལྷག་སོང་ཡང་ཧྲང་ཀྲེན་ལེང་གིས་ད་དུང“དབུལ་སྐྱོར་ལུག”1320དག་ལས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་8ལ་ཕན་པ་གང་བསྐྲུན་ཐུབ་མིན་བསམ་བློ་གཏོང་གི་ཡོད།
    “ཏེ་པང་ལུག་གསོ་ཚགས་ཀྱི་དབུལ་སྐྱོར་རྣམ་གྲངས”ནི་ཧྲང་ཀྲེན་ལེང་གིས་2016ལོར་གྲོང་ཚོར་ནང་འདྲེན་བྱས་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་རེད། ད་ལྟ་བཤས་བཏང་བའི“དབུལ་སྐྱོར་ལུག”དེ་དག་ནི“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”ཟུང་འབྲེལ་དང་ཚབ་གཉེར་གསོ་ཚགས་ཀྱི་ཐབས་ལ་བརྟེན་ནས་མཉམ་ལས་ཁང་ལ་གསོ་ཚགས་བྱ་རྒྱུའི་མངགས་བཅོལ་བྱས་པ་ཞིག་ཡིན་པས་དེ་ལས་བྱུང་བའི་ཁེ་ཕན་དག་དུད་ཚང་དབུལ་པོར་བགོ་འགྲེམས་རྒྱག་གི་ཡོད་པ་རེད།
    “ཚབ་གཉེར་གསོ་ཚགས་ཀྱི་དབུལ་སྐྱོར་བྱ་ཐབས་ཕུད་ང་ཚོར་ད་དུང་ལྷས་ར་བོགས་གཏོང་བྱ་ཐབས་དང་། དབུལ་སྐྱོར་དངུལ་བུན་གཡར་བའི་བྱ་ཐབས། འབྲུ་རིགས་གཟན་ཆག་ཏུ་འགྱུར་བའི་དབུལ་སྐྱོར་བྱ་ཐབས། གླ་པ་བསྡུ་བའི་བྱ་ཐབས་སོགས་བྱ་ཐབས་ཁག་5ཡོད། 2016ལོ་ནས་བཟུང་བྱ་ཐབས་ལྔ་པོ་སྤྱད་ནས་མིག་སྔའི་བར་རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་ཐེངས་3500ལྷག་ཙམ་འབབ་འཕར་དབུལ་སྒྲོལ་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད”ཅེས་ཧྲན་ཏུང་ཏེ་པང་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཅན་པོ་ཡིས་དེ་ལྟར་བཤད།
    ཡུས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་300ཙམ་ཡོད་པའི་ལིན་དབྱི་གྲོང་ཁྱེར་ཧྥེ་རྫོང་ཧྲེ་ཅིང་གྲོང་རྡལ་པན་ཆའོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པའོ་ཀྲུང་གིས་ཐོན་ལས་དབུལ་སྐྱོར་ནི་དབུལ་སྐྱོར་བརྟན་པོ་ཡོང་བའི་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
    ལི་པའོ་ཀྲུང་གིས་པན་ཆའོ་གྲོང་ཚོས་2017ལོ་ནས་བཟུང་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ནང་ཞུགས་པ་དང་སྐབས་དེ་དུས་གྲོང་ཚོའི་ནང་དུད་ཚང་དབུལ་པོ་273གྱི་མི་680ཡོད་པ་གསལ་པོ་ངེས་ཀྱི་ཡོད། “ང་ཚོ་གྲོང་ཚོའི་ནང་དུ་བསྡད་པས་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་ཀྱི་མི་འདུག རྒྱལ་ཁབ་གློག་དྲ་ཧྥེ་རྫོང་གློག་གཏོང་ཀུང་སི་ཧྲེ་ཅིང་གློག་གཏོང་ཁང་གི་སུའོ་ཀྲང་ཝང་ཧའེ་དབྱང་གིས་རང་ཉིད་ལ་འོད་ཤུགས་གློག་གཏོང་བརྒྱུད་རིམ་བདེ་འཇགས་ལྡན་པ་དང་སྒྲིག་སྦྱོར་བྱ་ཡུལ་ལ་ཚད་བཀག་མེད་པས་ང་ཚོའི་གྲོང་ཚོར་ཧ་ཅང་འཚམ་པའི་དབུལ་སྐྱོར་ཐོན་ལས་ཤིག་རེད་ཅེས་བཤད་བྱུང”ཞེས་ཁོང་གིས་བཤད།
    ཡུན་རིང་མ་སོང་བར་གྲོང་ཚོ་ཆུང་ངུ་དེའི་རི་འདབས་དང་གྲོང་མིའི་སྡོད་ཁང་གི་ཐོག་སྟེང་དུ“འོད་ཤུགས་པང་ལེབ”བཙུགས་ནས་ལོ་ལྟར་པན་ཆའོ་གྲོང་ཚོའི་དུད་ཚང་དབུལ་པོ་30ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ་མ་ཟད། ལོ་རེར་དུད་ཚང་རེར་དེའི་ཁྲོད་ནས་ཁ་གསབ་རོགས་དངུལ་སྒོར་3000རག་གི་ཡོད་པ་རེད།
    “ལོ་གཅིག་ལ་སྒོར་3000ལས་མེད་ཀྱང་དེས་དུད་ཚང་དབུལ་པོའི་རྒྱུན་གཏན་གྱི་ལྟོ་གོས་འགན་ལེན་ཐུབ་ནས་ཕན་ཐོགས་ཆེན་པོ་ཡོད”ཅེས་ལི་པའོ་ཀྲུང་གིས་བཤད།
    བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོ་ནས་ད་བར་རྒྱལ་ཁབ་གློག་དྲ་ཧྥེ་རྫོང་གློག་གཏོང་ཀུང་སིས་གློག་ཆེན་གློག་སྐུད་དང་གློག་ཆུང་གློག་སྐུད་སྣ་ཚོགས་སྟོང་སྨི་12.45ཁྲིད་པ་དང་། འོད་ཤུགས་ཀྱི་དབུལ་སྐྱོར་ལས་གྲྭར་གློག་སྒྱུར་ས་ཚིགས་4སྲུང་སྐྱོང་དང་སྒྱུར་བཀོད་བྱས་པ། ཆན་ཧྥུའུ་ཨན་1600ཟིན་པའི་སྤྱི་པའི་ལས་སྟེགས་4བསྐྲུན་པ། ཧྥེ་རྫོང་གི་གློག་འདོན་ས་ཁོངས་ནང་གི་གློག་ཟླ་སྒྲིལ་གྱི་དབུལ་སྐྱོར་འོད་ཤུགས་ཀྲའོ་ཝ་27.02ཟིན་པས་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོ་4592ཀྱི་མི་8947ལ་ཕན་པ་ཐོབ་ཡོད་པ་རེད།
    ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་ཆེད། ཧྲན་ཏུང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་ད་དུང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཐག་གཅོད་བྱེད་པ་དང་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད།
    དཔེར་ན། ནོར་སྲིད་དབུལ་སྐྱོར་གྱི་ཆེད་དོན་མ་དངུལ་བེད་སྤྱོད་གཏོང་སྟངས་ལེགས་སྒྲིག་བྱས་ནས་རིམས་ནད་ཀྱིས་རྐྱེན་པས་གནས་སྐབས་གཉེར་སྐྱོང་དཀའ་བའི་ཞིང་ཆེན་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ལ་དབུལ་པོ་སྣེ་ཁྲིད་ཀྱི་ཕན་འབྲས་སོགས་ལ་བརྟེན་ནས་ཐེངས་གཅིག་ལ་སྒོར་ཁྲི་50མན་གྱི་ཐོན་སྐྱེད་ཁ་གསབ་རོགས་དངུལ་སྤྲད་པ་དང་། དབུལ་སྐྱོར་འཁོར་ཁང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་བཏང་ནས་རིམས་ནད་ཐོན་རིང་རྒྱུན་གཏན་བཞིན་གཉེར་སྐྱོང་དང་ངལ་ནུས་དབུལ་པོ་ལས་ཞུགས་ཡོང་བ་བྱེད་མཁན་ལ་གྲོང་ཁྱེར་ཁག་གིས་ངལ་ནུས་དབུལ་པོ་ལས་ཞུགས་བྱུང་བའི་མི་གྲངས་ལ་གཞིགས་ནས་ལས་གཏོད་སྣེ་ཁྲིད་ཀྱི་ལས་ཞུགས་རོགས་སྐྱོར་མ་དངུལ་ནས་ཁ་གསབ་འོས་འཚམ་སྤྲོད་ཆོག་གི་ཡོད།
    གཞན་ཡང་ཧྲན་ཏུང་གི་2020ལོའི་འོད་ཤུགས་དབུལ་སྐྱོར་གློག་ཁང་གི་ཁེ་ཕན་80%གྲོང་ཚོའི་སྤྱི་ཕན་ལས་གནས་དང་དབུལ་སྐྱོར་ལས་གནས་སོགས་གཏོད་རྒྱུར་སྤྱོད་རྒྱུ་ཡིན་པ་དང་རིམས་ནད་ཀྱིས་རྐྱེན་པས་གནས་སྐབས་ཕྱིར་གླ་པར་བསྐྱོད་ཐབས་བྲལ་བའི་ངལ་ནུས་དབུལ་པོ་བཀོད་སྒྲིག་འོས་འཚམ་བྱས་ཡོད་པ་རེད།
    ཝང་ཅན་པོ་ཡིས་ཐོན་ལས་དབུལ་སྐྱོར་གྱིས་དུད་ཚང་དབུལ་པོའི་ལྟོ་གོས་འགན་ལེན་ཐུབ་པ་མ་ཟད། མི་དེ་བས་མང་བའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཐོན་ལས་དབུལ་སྐྱོར་ནང་མ་ཞུགས་གོང་ང་ཚོའི་ཀུང་སིས་གཙོ་བོ་བཤས་ལུག་བཤས་གཏོང་བ་དང་བཤས་ལུག་1000མན་གསོ་ཚགས་བྱས་ནས་རྒྱུན་དུ་བཤས་ལུག་འཚམ་པོ་ཞིག་མ་རག་པར་ཐོན་ནུས་བེད་མེད་དུ་འཇོག་གི་ཡོད། ད་ཆ་ལུག་ཁྲི་10བཤས་བཏང་ནས་མི་སེར་ཚོའི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད”ཅེས་ཝང་ཅན་པོ་ཡིས་བཤད།