འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་9ཉིན།

༄༅༎གླིང་གེ་སར་རྒྱལ་པོ་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་ནང་བདམས་ཐོན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་09ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གླིང་གེ་སར་རྒྱལ་པོ་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་ནང་བདམས་ཐོན་བྱུང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་མིང་ཐོ་བཏོན་ཞིང་། ཝུན་ཝུང་དང་། སི་མ་ཤང་རུའུ། ཁྲེན་ཧྲོའུ། ཁྲང་ཆུས། ཁྲེན་ཙི་ཨང་། ཞུའེ་ཐའོ། གླིང་གེ་སར་རྒྱལ་པོ། ཀྲང་ཧྲི། ཆིན་ཅིའུ་ཧྲའོ། ལི་ཏིའོ་ཡོན་བཅས་ལོ་རྒྱུས་མི་སྣ་གྲགས་ཅན་10བདམས་ཐོན་བྱུང་ཡོད།
     2017ལོར། སི་ཁྲོན་ཞིང་ཆེན་གྱིས་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་གྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་འདུ་འགོད་ལག་བསྟར་བྱེད་འགོ་བརྩམས་ཤིང་། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་10ཁག་དང་པོ་བཏོན་ནས་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་གྱི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་གཏོང་བའི་ཚ་རླབས་ཤིག་འཕྱུར་བར་བྱས་པ་དང་། ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་གྱི་དེང་རབས་རིན་ཐང་མངོན་པར་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
     ན་ནིང་། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་འོས་སྦྱོར་འདུན་ཞུའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)ཁག་གིས་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་78འོས་སྦྱོར་བྱས་ལ། ཚན་རིག་དང་། རྩོམ་རིག ལོ་རྒྱུས་རིག་པ། ཆབ་སྲིད། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་ཡོད། ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གྲགས་ཅན་གྱིས་དཔྱད་མོལ་ཐེངས་མང་བྱས་པ་དང་འབྲེལ། ཆེད་དོན་རིགས་པས་ཁུངས་སྐྱེལ་དང་བཞུགས་མོལ་ཞིབ་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། དུས་རབས་དང་མི་རིགས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་པ་བརྒྱུད་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པ་གཏན་འཁེལ་བྱས་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱིས་ཞིབ་འཇུག་རྒྱས་བཤད་དང་། སྲུང་སྐྱོང་རྒྱུན་འཛིན། རྒྱལ་དམངས་སློབ་གསོ། དྲིལ་བསྒྲགས་ཁྱབ་གདལ། གསར་གཏོད་འཕེལ་རྒྱས། བརྒྱུད་སྤེལ་སྤེལ་རེས་བཅས་རྒྱུན་འཛིན་འཕེལ་རྒྱས་ཀྱི་མ་ལག་ཆེན་པོ་6འཛུགས་རྒྱུར་མུ་མཐུད་དམིགས་ནས། རིག་གཞུང་ཞིབ་འཇུག་ལྟེ་གནས་ཁག་གཅིག་འཛུགས་པ་དང་། རིག་གནས་ཁྲིད་སྦྱོང་རྟེན་གཞི་ཁག་གཅིག་སྐྲུན་པ། སྤུས་རྟགས་རིག་གནས་བྱེད་སྒོ་ཁག་གཅིག་ཇུས་འགོད་བྱེད་པ། རིག་རྩལ་བརྩམས་ཆོས་སྤུས་དག་ཁག་གཅིག་གསར་རྩོམ་བྱེད་པ། བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་ཁག་གཅིག་གཏོད་པ། རིག་གནས་གསར་གཏོད་ཐོན་རྫས་ཕུལ་བྱུང་ཁག་གཅིག་ཞིབ་འཇུག་གསར་སྤེལ་བྱས་པ་བཅས“ཁག་གཅིག་དྲུག”གི་གཙོ་གནད་ལས་དོན་ལ་ཏན་ཏིག་ངང་སྐུལ་འདེད་བཏང་ནས། སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་གྱི་རིག་གནས་རྒྱུན་འཛིན་གསར་གཏོད་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
༄༅༎གླིང་གེ་སར་རྒྱལ་པོ་སི་ཁྲོན་གྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཁག་གཉིས་པའི་ནང་བདམས་ཐོན་བྱུང་བ།