འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་9ཉིན།

༄༅།།ཡུན་ནན་གྱི་འབོར་ཧ་ཅང་ཉུང་བའི་སྐྱེ་དངོས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོའི་ངང་མང་དུ་འགྲོ་བའི་རྣམ་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་09ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་15ཡི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཡུན་ནན་གྱི་འབོར་ཧ་ཅང་ཉུང་བའི་སྐྱེ་དངོས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་སྲུང་སྐྱོང་ནུས་ལྡན་ཐུབ་ནས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོའི་ངང་མང་དུ་འགྲོ་བའི་རྣམ་པ་མངོན་བཞིན་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་གྱི་ཨེ་ཤེ་ཡའི་གླང་ཆེན་གྱི་གྲངས་འབོར་150ནས་300ཙམ་བར་མང་དུ་ཕྱིན་པ་དང་། ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་གྲངས་འབོར་1400ནས་2600ཙམ་བར་མང་དུ་ཕྱིན་པ། སྤྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་བརྟན་པོའི་ངང་མང་དུ་འགྲོ་བའི་རྣམ་པ་མངོན་ནས་སྲོག་ཆགས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་ཐོག་མར་ཐོབ་ཡོད་པ་རེད།
    2019ལོའི་ལོ་མཇུག་བར། ཡུན་ནན་གྱིས་རི་སྐྱེས་རྩི་ཤིང་རིགས་སྲུང་སྐྱོང་རྣམ་གྲངས་120ལྷག་ཙམ་ལག་བསྟར་བྱས་ནས་སྲུང་སྐྱོང་ཁུལ་ཆུང་གི་སྲུང་སྐྱོང་ས་ཚིགས་30དང་། སྐྱས་སྤོ་ཡུལ་18དང་ཐག་ཉེ་སའི་སྲུང་སྐྱོང་རྟེན་གཞི(ཁང)4 སྐྱེ་དངོས་རིགས་20ཚོད་ལྟའི་རྟེན་གཞིར་ཕྱིར་ལོག་བྱས་པ། སྲུང་སྐྱོང་བྱ་ཡུལ་གྱི་སྐྱེ་དངོས་རིགས་52ཟིན་པ་བཅས་རེད། ཧྭ་ཀའེ་མུའུ་དང་། ཡང་པི་ཆི། ཆའོ་ཅ་ཝུའུ་ཀྲེན་སུང་སོགས་འབོར་ཧ་ཅང་ཉུང་བའི་རི་སྐྱེས་རྩི་ཤིང་རིགས་20ལྷག་ཙམ་གྱི་རྐང་ཁྲི་10ཙམ་མི་ཐབས་ལ་བརྟེན་ནས་བཏབ་པ། སྡོང་རྐང་3000ལྷག་ཙམ་བསྐྱར་འཛུགས་བྱས་པ། ས་ཆ་གཞན་དུ་སྤོས་འཛུགས་བྱས་པའི་ཧྭ་ཀའེ་མུའུ་དང་ཡུན་ནན་གྱི་ཅིན་ཆན་ཆི་སོགས་ཚང་མར་མེ་ཏོག་བཞད་པ་དང་རིགས་ཁག་གཅིག་ལ་རྒྱུན་གཏན་ལྟར་འབྲས་བུ་སྨིན་ཡོད་པ་རེད། ལོ་15ཡི་ནང་། ཡུན་ནན་གྱིས་རི་སྐྱེས་རྩི་ཤིང་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་1.4བཏང་བར་ལོ་ལྟར་ཆ་སྙོམས་སྒོར་ཁྲི་1000ཙམ་ཟིན་གྱི་ཡོད།
    འབོར་ཧ་ཅང་ཉུང་བའི་སྐྱེ་དངོས་དང་དེའི་སྐྱེ་འཚར་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ད་ཡོད་ཀྱི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་ཆེད། 2004ལོར་ཡུན་ནན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་འབོར་ཧ་ཅང་ཉུང་བའི་སྐྱེ་དངོས་སྲུང་སྐྱོང་གི་གྲོས་འགོ་བཏོན་པ་དང་། 2005ལོར་རྒྱལ་ཡོངས་ཀྱི་སྔོན་དུ་འབོར་ཧ་ཅང་ཉུང་བའི་སྐྱེ་དངོས་62ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་བྱེད་འགོ་བཙུགས་པ། 2009ལོར“སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གྲངས་འབོར་ཉུང་བའི་རྣམ་གྲངས་སྟེ། ཁྱུ་ཚོགས་ཆུང་བའི་སྐྱེ་དངོས་སྲུང་སྐྱོང་བྱ་སྤྱོད”རྒྱལ་ཡོངས་སུ་སྔོན་དུ་སྤེལ་བས། ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འདུ་འགོད་ཀྱི་གཙོ་གནད་དང་བཀྲག་མདངས་འཚེར་སར་གྱུར་ཡོད་པ་རེད།