འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་8ཉིན།

༄༅།།ཨ་རིར་མུ་མཐུད་ཁྲོམ་སྐོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་08ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིར་མུ་མཐུད་ཁྲོམ་སྐོར་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་6ཉིན། ཇོར་ཇི་· ཧྥུའུ་ལོ་དབྱི་དྷི་ཚེ་ལས་འདས་པ་ཡིས་བསླངས་པའི་འདུ་ཚོགས་དང་རྔམ་སྟོན་བྱ་འགུལ་ཚེས་6ཉིན་ཨ་རིའི་གྲོང་ཁྱེར་མང་པོར་སྤེལ་ཡོད་པ་རེད། ཧྥུའུ་ལོ་དབྱི་དྷི་ཚེ་ལས་འདས་ནས་གཟའ་འཁོར་གཉིས་ལོན་ཡང་ས་གནས་དེ་གར་སྔར་བཞིན་གཞི་རྒྱ་ཆེ་བའི་རྒོལ་གཏམ་སྤེལ་བཞིན་ཡོད་པ་དང་། སྤྱིའི་ཆ་ནས་རྣམ་པ་འཇམ་པོ་ཡོད་པ་རེད། 
རྒྱལ་ས་ཝ་ཧྲིན་ཐོན་དུ་ཚེས་6ཉིན་ཉིན་བཅུ་ཤས་ཚུན་དུ་མི་གྲངས་ཞུགས་ཚད་ཆེས་མང་བའི་ཁྲོམ་སྐོར་བྱེད་སྒོ་སྤེལ་བ་རེད། ཉིན་དེའི་སྔ་དྲོར། མང་ཚོགས་ཁྲི་ཕྲག་ས་ཆ་མི་འདྲ་བ་ནས་ཐོན་ཏེ། སྐད་མཐོན་པོས་ཁ་འབོད་བྱེད་བཞིན་ལིན་ཁིན་དྲན་གསོ་ཁང་དང་རྒྱལ་ཚོགས་རི་བོ། ཕོ་བྲང་དཀར་པོ་སོགས་སུ་བསྐྱོད་པ་རེད། ཟིང་འཁྲུག་ལང་ཡོང་བར་དོགས་ནས་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ར་སྐྱོར་ནག་པོ་བསྐོར་ཡོད།
     ཝ་ཧྲིན་ཐོན་གྲོང་ཁྱེར་གྱི་འགོ་འཛིན་མེའུ་ལིར་པའོ་ཙེ་ཡིས་ཕོ་བྲང་དཀར་པོའི་མདུན་གྱི་ལམ་དུམ་སྲང་ལམ་16ལ་“མི་ནག་གི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན་པའི་ཐང་ཆེན”ཞེས་པའི་མིང་འདོགས་རྒྱུའི་བཀའ་ཕབ་པ་ཡོད་པ་དང་། ཁོ་མོས་ཐབས་ཤེས་འདི་འདྲའི་ཐོག་ནས་ཨ་རི་བ་ཡོངས་ལ་འདིའི་ནང་དོན་རྟོགས་འཇུག་པའི་རེ་བ་ཡོད་ཅེས་བརྗོད། ཚེས་5ཉིན། BLACK LIVES MATTER(མི་ནག་གི་ཚེ་སྲོག་ཀྱང་ཚེ་སྲོག་ཡིན)ཞེས་པའི་དབྱིན་ཇིའི་ཐ་སྙད་ཆེན་པོ་གསུམ་བཀྲག་རྩི་སེར་པོ་བྱུགས་ནས་ལམ་ངོས་སུ་བྲིས་ཡོད། 
    ནེའུ་གཡོད་གྲོང་དུ་མང་ཚོགས་ཁྲི་སྟོང་ཀྲུང་དབྱང་སྤྱི་གླིང་དང་། པུའུ་ལུའུ་ཁེ་ལིན་སོགས་སུ་འདུ་འཛོམས་བྱེད་པ་དང་། དེ་རྗེས་སུ་མཱེ་ཧྭ་ཏུན་ཁུལ་དུ་འཛོམས་ནས་ཁྲོམ་སྐོར་བྱེད་པ་རེད། ཆར་བ་གློ་བུར་བ་དེས་ཀྱང་ངོ་རྒོལ་བྱེད་མཁན་མང་ཚོགས་ཕྱིར་བསྐྲད་མེད། 
   གཟའ་འཁོར་འདིའི་ཚུན་དུ། ནེའུ་གཡོད་གྲོང་ཁྱེར་དུ་མི་1400ངོ་རྒོལ་བྱེད་སྒོའི་ཁྲོད་འཛིན་བཟུང་བྱས་ཡོད། ཉིན་འདི་གཉིས་ལ་ཟིང་འཁྲུག་དང་འཕྲོག་བཅོམ་ཉུང་དུ་སོང་བས་མང་ཚོགས་ དང་དཔོན་རིགས་ཁག་ཅིག་གིས་ཚེས་1ཉིན་ནས་བཟུང་ཉིན་རེའི་དགོང་མོའི་ཆུ་ཚོད་8ནས་ཕྱི་ཉིན་གྱི་ཆུ་ཚོད་5བར་གྱི་མཚན་འགྲུལ་བཀག་སྡོམ་དེ་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་ཡོད། ཡིན་ནའང་། ནེའུ་གཡོད་གྲོང་ཁྱེར་གྱི་འགོ་འཛིན་དྷི་པུའུ་ལ་ཞི་ཨོ་ཡིས་མཚན་འགྲུལ་བཀག་སྡོམ་གཟའ་འཁོར་རྗེས་མའི་གཟའ་ཟླ་བ་བར་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་བརྗོད།
   གཞན་ཡང་ཧྥེ་གྲོང་དང་། ལོ་སི་ཨན་ཇི་ལ་སི། དྷ་ལ་སི།  ནེའུ་ཨོར་ལན་སོགས་ས་ཆ་རུ་གཞི་རྒྱ་འདྲ་མིན་གྱི་ངོ་རྒོལ་དང་འཇིགས་སྐུལ། གསོལ་འདེབས་བྱེད་སྒོ་སྤེལ་བཞིན་ཡོད།
    ཧྥུའུ་ལོ་དབྱི་དྷི་ཡི་ཁྱིམ་མིས་ཚེས་6ཉིན་ཕ་ཡུལ་ཁ་ལོ་ལེ་ནཱ་བྱང་མ་མངའ་སྡེའི་ཆོས་ཁང་ཞིག་ཏུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་དང་། མི་འབོར་བརྒྱ་ཕྲག་གྲལ་སྒྲིག་ནས་ཆོས་ཁང་དུ་འཛུལ་བར་སྒུག་ནས་ཡོད། 
【1】  【2】  【3】
༄༅།།ཨ་རིར་མུ་མཐུད་ཁྲོམ་སྐོར་བྱས་པ།