འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་8ཉིན།

༄༅༎སི་ཁྲོན་དཀར་མཛེས་ཀྱིས་ཡུན་ནན་ས་ཐམ་དང་མཉམ་དུ་ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་ཐོག་མ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་08ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་གྱིས་ཡུན་ནན་ཧྭ་དབྱང་ཡུལ་སྐོར་ལས་རིགས་དང་མཉམ་དུ་འདབ་པ་ཉི་སྟེང་དུ་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། འོས་སྦྱོར་ཚོགས་འདུའི་ཐོག་ས་ཁོངས་ཡུལ་སྐོར་སྤུས་རྟགས་ཐུན་མོང་ཐོག་གཏོད་པ་དང་། ས་ཁོངས་ཡུལ་སྐོར་མཉམ་ལས་ལམ་སྲོལ་འཛུགས་པ། ཐོན་ཁུངས་ཕན་ཚུན་བརྗེ་རེས། ས་ཁོངས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད། ཐེངས་འདིའི་འོས་སྦྱོར་ཚོགས་འདུས་ཡུན་ནན་གྱི་ཡུལ་སྐོར་ཁྲོམ་ར་དང་དཀར་མཛེས་ཁུལ་ཉི་སྟེང་སྐོར་བའི་ཡུལ་སྐོར་ཁྲོམ་རའི་དབར་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་ཐོག་མ་སྤེལ་བའང་མཚོན་ཡོད་པ་རེད།
     འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་གདན་ཞུས་ལྟར། རྒྱལ་ནང་གི་ཡུལ་སྐོར་ཚོང་པ་100ལྷག་ཙམ་ཐུན་མོང་ཐོག་དཀར་མཛེས་ཁུལ་འདབ་པ་ཉི་སྟེང་དུ་ཕེབས་ནས་འདབ་པ་ཉི་སྟེང་གི་ཡུལ་སྐོར་ཐོན་ཁུངས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས་པ་རེད། ད་ལོ་འདབ་པ་ཉི་སྟེང་གིས་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ཁག་བགོས་དང་། ཚད་བཀག  སྔོན་མངགས་བྱེད་པ། གོ་རིམ་ལྡན་པ”བཅས་ཀྱི་བླང་བྱ་ལྟར། ཡུལ་སྐོར་བྱེད་མང་བའི་དུས་སུ་དུས་མཚམས་དབྱེ་ནས་སྔོན་མངགས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་ཚོད་འཛིན་ནན་པོ་བྱ་རྒྱུ་རེད། སྤྲོ་གསེང་ལྟ་སྐོར་ལམ་ཐིག་ལེགས་སུ་གཏོང་བ་དང་། ཞིབ་བཤེར་ས་ཚིགས་སྔོན་དུ་སྒྲིག་བཀོད་བྱེད་པ། ཐོན་སྒོ་མང་དུ་གཏོང་བ། བར་ཐག་རིང་པོ་བཞག་ནས་གྲལ་སྒྲིག་པ། ལུས་པོའི་ཚ་བ་ཞིབ་དཔྱད་ཚད་ལེན་དང་གྲལ་བཤེར་བྱེད་པ། “བདེ་ཐང་ཨང་རྟགས”ལ་དཔྱད་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཏེ་ཡུལ་སྐོར་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་རེད།
     འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཆང་གིས“ད་རེས་ཡུན་ནན་ཧྭ་དབྱང་ཡུལ་སྐོར་ལས་རིགས་དང་མཉམ་ལས་བྱས་ཏེ། འདབ་པ་ཉི་སྟེང་དང་ཡུན་ནན་ས་ཐམ་ལྟེ་བར་བྱས་པའི་ཡུལ་སྐོར་དཔལ་འབྱོར་ཁུལ་བསྐྲུན་ནས། དཀར་མཛེས་ཡུལ་སྐོར་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ས་ཁོངས་ཡུལ་སྐོར་འགྲིམ་འགྲུལ་གེགས་མེད་ཤར་བགྲོད་ཡོང་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། མཛེས་ལྗོངས་ཁུལ་གྱི་མཉམ་ལས་དང་། ལས་སྟེགས་ཕན་ཚུན་སྤེལ་རེས། ཡུལ་སྐོར་ཚོང་པ་ཞུགས་པ། སྨྱན་སྦྱོར་གྱིས་རྗེས་སྙེགས་བྱེད་པ། སྤུས་རྟགས་གཏོད་པ་བཅས་ཕྱོགས་ལྔ་གཞི་གཅིག་གི་ཁྲོམ་ར་ཁྱབ་གདལ་གཏོང་བའི་ལམ་སྲོལ་བཙུགས་ནས་ལམ་ཐིག་སྦྲེལ་མཐུད་ཀྱི་ཡུལ་སྐོར་ཐོན་ཁུངས་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། དེའི་དམིགས་ཡུལ་ནི་ས་གནས་ཁག་གི་ཡུལ་སྐོར་ཐོན་ཁུངས་དང“ལམ་ཐག་གཅིག་ལ་ས་ཚིགས་མང་བའི”ཡུལ་སྐོར་ཐོན་རྫས་ཁྱབ་གདལ་བཏང་ནས་མཉམ་ལས་ཀྱི་ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་བྱེད་སྟངས་རྒྱ་ཆེར་བཏང་སྟེ་ཐུན་མོང་ཐོག་སྟོབས་དང་ལྡན་པའི་ཡུལ་སྐོར་ཐོན་རྫས་གཏོད་རྒྱུ་དེ་རེད། “ཕྱོགས་ཁག་གིས་ཡུལ་སྐོར་དྲིལ་བསྒྲགས་དང་བྲིན་ཚོང་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་སྟེ། ཆ་འཕྲིན་སྤེལ་རེས་དང་། ཉམས་མྱོང་མཉམ་སྤྱོད། འགྲུལ་ཁུངས་གཏོང་རེས་སོགས་མངོན་འགྱུར་གང་ཐུབ་བྱས་ནས་འགྲུལ་ཁུངས་ཕན་ཚུན་སྤེལ་རེས་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་དཀར་མཛེས་ཁུལ་དུ་ཡུལ་སྐོར་དུ་ཡོང་རྒྱུའི་བརྩོན་ལེན་བྱས་ཏེ། ཐུན་མོང་ཐོག་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་ཡུལ་སྐོར་ཁོར་ཡུག་ཅན་ལ་སྐུལ་འདེད་བཏང་ནས་དཀར་མཛེས་ཁུལ་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད། 
     ཧྭ་དབྱང་ཡུལ་སྐོར་ལས་རིགས་ཚོགས་པའི་སྤྱི་ཁྱབ་ཧོ་ཧྲེང་གིས་ཀྱང་མ་འོངས་པར་སི་ཁྲོན་དཀར་མཛེས་ཀྱི་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་དང་ལག་གདང་སྦྲེལ་ནས་གེགས་མེད་ཡུལ་སྐོར་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ས་ཁོངས་དབར་དང་ཞིང་ཆེན་དབར་གྱི་སྲིད་ཇུས་དང་ཁྲོམ་རའི་བཀག་ཆ་དང་། འགྲིམ་འགྲུལ་གྱི་བཀག་ཆ། ཞབས་ཞུའི་བཀག་ཆ་བཅས་མེད་པ་བཟོས་ཏེ། འདྲ་མཉམ་ཀྱི་མཉམ་ལས་དང་གཉིས་ཕན་མཉམ་ཁེའི་ས་ཁོངས་ཡུལ་སྐོར་མཉམ་ལས་སྒྲིག་སྲོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐད་ཚད་བརྒལ་གསར་པ་ཡོང་བ་བྱས་ཏེ་མཉམ་གཏོད་མཉམ་ཁེ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།
འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ།