འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་5ཉིན།

༄༅༎སྡེ་རོང་རྫོང་ཨུད་ཀྱི་རྒྱུན་ཨུ་བློ་བཟང་རྒྱལ་མཚན་གྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་05ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་གནས་ཚུལ་ལ་གཞིགས་ན། སྡེ་རོང་རྫོང་ཨུད་ཀྱི་རྒྱུན་ཨུ་བློ་བཟང་རྒྱལ་མཚན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་མིག་སྔར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
     བློ་བཟང་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།
     བློ་བཟང་རྒྱལ་མཚན། སྐྱེས་པ། བོད་རིགས། 1971ལོའི་ཟླ་4པར་སྐྱེས། སི་ཁྲོན་སྡེ་རོང་གི་མི་ཡིན། ཞིང་ཆེན་ཏང་ཨུད་ཏང་གི་སློབ་གྲྭའི་ལས་ཐོག་སློབ་ཆེན་གྱི་སློབ་གཉེར་ལོ་རྒྱུས་ཡོད། 1988ལོའི་ཟླ་10པར་ལས་ཀར་ཞུགས། 1994ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
     1988ལོའི་ཟླ་10པ་ནས་1991ལོའི་ཟླ་དང་པོའི་བར། སྡེ་རོང་རྫོང་ཕག་རི་ཤང་དུ་ལས་ཀ་བྱས།
     1991ལོའི་ཟླ་1པོ་ནས་1992ལོའི་ཟླ་11པའི་བར། སྡེ་རོང་རྫོང་ཕུ་མདོ་ཤང་སྡེ་ཚོགས་ཨུ་ལྷན་དུ་ལས་ཀ་བྱས།
     1992ལོའི་ཟླ་11པ་ནས་1993ལོའི་ཟླ་3པའི་བར། སྡེ་རོང་རྫོང་ཆུ་གཡར་སྒང་ཤང་དུ་ལས་ཀ་བྱས།
     1993ལོའི་ཟླ་3པ་ནས་1995ལོའི་ཟླ་11པའི་བར། སྡེ་རོང་རྫོང་ཆུ་གཡར་སྒང་ཤང་གི་ཤང་ཀྲང་གཞོན་པ་བྱས།
     1995ལོའི་ཟླ་11པ་ནས་1998ལོའི་ཟླ་10པའི་བར། སྡེ་རོང་རྫོང་ཆུ་གཡར་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱས།
     1998ལོའི་ཟླ་10པ་ནས་2002ལོའི་ཟླ་4པའི་བར། སྡེ་རོང་རྫོང་ཚེར་བོ་ཤང་གི་ཏང་ཨུད་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བྱས།
     2002ལོའི་ཟླ་4པ་ནས་2003ལོའི་ཟླ་5པའི་བར། སྡེ་རོང་རྫོང་ཚེར་བོ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི། ཚེར་བོ་ཡུག་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་བྱས།
     2003ལོའི་ཟླ་5པ་ནས་2009ལོའི་ཟླ་4པའི་བར། སྡེ་རོང་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།
     2009ལོའི་ཟླ་4པ་ནས་2010ལོའི་ཟླ་12པའི་བར། སྡེ་རོང་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གཞུང་ལམ་དུམ་བུའི་འགོ་འཛིན་བྱས།
    2010ལོའི་ཟླ་12པ་ནས་2016ལོའི་ཟླ་8པའི་བར། སྡེ་རོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་བྱས།
    2016ལོའི་ཟླ་8པ་ནས་ད་བར། སྡེ་རོང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་བྱས།