འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་4ཉིན།

༄༅༎བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྔར་བས”གསུམ་ལ་བརྟེན་ནས“སྣང་
ཆེན་བཞི་དང་དགའ་ཞེན་བཞིར”སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་04ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི《2020ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མགྱོགས་མྱུར་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་། གྲོང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྔར་བས”གསུམ་ལ་བརྟེན་ནས་2020ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།
     བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱེད་པའི་ལས་འགན་གཙོ་བོར་དམིགས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དམིགས་ཚད་དེར་དམིགས་ནས“སྲ་བརྟན་ལོར”ལེགས་ཁྲིད་ཟབ་སྦྱོང་དང་། ཞན་ཆ་སེལ་བ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་འབུར་ཐོན་ཡོང་བར་བྱས་ཏེ་གཙོ་རྐང་བརྟན་པོ་དང་དྲང་ནུས་གཅིག་སྡུད། སྙིང་སྟོབས་འཕེལ་བ་བཅས་བྱས་པ་རེད།
     འགན་འཁྲི་སྔར་བས་ནན་དུ་བཏང་ཞིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་མུ་མཐུད་ཧྲུའུ་ཅིའི་ལས་དོན་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུཌ་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་གྲོང་ཁྱེར་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)བཅས་རིམ་པ་བཞིའི་ཧྲུའུ་ཅིའི་འགན་འཁུར་བ་དང་པོའི་འགན་འཁྲི་དོན་འཁྱོལ་བྱས་པ་རེད།
     བཀོད་སྒྲིག་སྔར་བས་ལེགས་པོ་བྱས་ཤིང་། ནག་ཆུའི་རྫོང་དང་ཆུས་ཁག་གིས་སྤེལ་འགོ་ཚུགས་པའི་མཛད་སྒོ་རིམ་བཞིན་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་བཀོད་སྒྲིག་བྱས་ཏེ་རྫོང་དང་ཆུས་སུ་སྤེལ་འགོ་ཚུགས་རྗེས་ཤང་དང་གྲོང་རྡལ་དང་གྲོང་ཚོར(གྲོང་ལྷན)ཡང་མགྱོགས་མྱུར་སྤེལ་འགོ་བཙུགས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་རེད། དུས་མཚུངས་གྲོང་ཁྱེར་བྱེད་སྒོ་གཞུང་དོན་ཁང་གིས་གཟའ་འཁོར་རེར་ལས་ཀའི་དྲན་སྐུལ་བཀྲམ་ནས་རྫོང་དང་ཆུས་ཁག་གིས་ལས་དོན་དོན་འཁྱོལ་བྱ་རྒྱུར་ལྕག་སྐུལ་བྱས་པ་དང་། བྱེད་སྒོ་གཏིང་ཟབ་ལ་རྒྱ་ཁྱབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།