འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་3ཉིན།

༄༅།།བོད་ལྗོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བྱིས་པའི་རྩོམ་རིག་གསར་རྩོམ་སྐོར་གླེང་
ནས་བྱིས་པའི་སློབ་གསོ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་03ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བྱེད་སྒོ་སྤེལ་ཡུལ།
བྱེད་སྒོ་སྤེལ་ཡུལ། 
   མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གསར་འགྱུར་སྤེལ་བར་གཞིགས་ན། གསར་འགོད་པས་ཟླ་6ཚེས་1ཉིན་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་གསལ། “བོད་ལྗོངས་དཔེ་ཀློག”དམངས་ཡོངས་དཔེ་ཀློག་གི་མུ་འབྲེལ་བྱེད་སྒོ་སྟེ་བྱིས་དུས་དཔེ་ཀློག  བྱིས་པའི་རྩོམ་རིག་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོག་པ་དེ་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་རིག་རྩལ་ལྟ་ཀློག་དང་གསར་རྩོམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།  
    བྱེད་སྒོ་ནི་བྱིས་པས་འཁྲབ་སྟོན་བྱེད་པའི་《བཀྲ་ཤིས་ཤོག》རིག་རྩལ་ལེ་ཚན་གྱིས་འགོ་བརྩམས་པ་དང་། བགྲོ་གླེང་ཚོགས་འདུའི་ཐོག  བོད་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཁག་གི་འབྲེལ་ཡོད་འགོ་ཁྲིད་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཀྱིས་“བོད་ལྗོངས་བྱིས་པའི་རྩོམ་རིག་གསར་རྩོམ་གྱི་ད་ལྟའི་གནས་ཚུལ་”དང་“བོད་ལྗོངས་བྱིས་སྒྲུང་གསར་རྩོམ་གྱི་ལམ་བུ་གསར་པ”བཅས་སྐོར་གྱི་གྲོས་གཞིར་གཞིགས་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་བགྲོ་གླེང་བྱས་པ་རེད།
    བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ་གྱིས། བྱིས་པའི་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་ལྗོངས་ནང་ཁུལ་གྱི་བྱིས་པའི་རྩོམ་རིག་ཞིབ་འཇུག་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་བྱིས་པའི་དཔེ་ཀློག་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ངེས་རེད། བགྲོ་གླེང་ཚོགས་འདུས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱིས་པའི་རྩོམ་རིག་ཞིབ་འཇུག་དང་། གསར་རྩོམ། དཔེ་ཀློག་བཅས་ཀྱི་སློབ་གསོའི་ཁོར་ཡུག་ཐུན་མོང་ཐོག་གཏོད་ནས་བྱིས་པའི་རྩོམ་རིག་དར་རྒྱས་གོང་འཕེལ་ཆེད་བྱས་རྗེས་འཇོག་དགོས་པ་སྟོན་པ་རེད། 
    བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དཔེ་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ཨ་ནན་གྱིས། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་བྱིས་པའི་རྩོམ་རིག་གི་ད་ལྟའི་གནས་ཚུལ་ཁྱོན་ཡོངས་ནས་གསེད་བཀྲོལ་བྱས་པ་དང་། དེང་སྐབས་ཀྱི་བྱིས་པའི་གསར་རྩོམ་གྱི་གཞི་རྩའི་ཁ་ཕྱོགས་གཏན་འཁེལ་བྱས་པ།  མ་འོངས་པའི་བྱིས་པའི་རྩོམ་རིག་གསར་རྩོམ་གྱི་ཁ་ཕྱོགས་སོགས་ཀྱི་གནད་དོན་འཆར་འགོད་བྱས་པ། བོད་ལྗོངས་ཀྱི་ལྗོངས་ནང་ཁུལ་གྱི་བྱིས་པའི་རྩོམ་རིག་གསར་རྩོམ་དང་འཕེལ་རྒྱས་ཀྱི་ལམ་བུ་གསལ་སྟོན་བཅས་བྱས་ཡོད་པ་བསྟན་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་ཡག་པོ་ལོ་ཆུང་བྱིས་པའི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པ་ཞིག་རེད།
【1】  【2】
བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ།
བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིགས་མེད་ཕུན་རྒྱལ།