འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་3ཉིན།

༄༅༎རྔ་བ་གཟི་རྩ་སྡེ་དགུ་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་གྱི་མྱུར་ལམ་དུ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་03ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་བ་ཀྲོའུ་གཟི་རྩ་སྡེ་དགུ་རྫོང་གིས་ཧྲུའུ་ཅི་ཧྥེང་ཆིང་ཧྭ་ཡི“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དཔེ་མཚོན་བཅས་གཏོད་པའི”འབད་འཐབ་ཀྱི་དམིགས་ཚད་ལ་གཞིགས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་མཉམ་འཕེལ་དང་། དགེ་མཚན་ལྡན་པའི་མཉམ་འགུལ། གཉིས་ཕན་འཕེལ་རྒྱས་ཡོང་བ་བཅས་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་པ་རེད།
     ཡུལ་དེ་གའི་ཁྱད་ཆོས་ལ་བརྟེན་ནས་རིག་གནས་ཐོན་ལས་ཚོགས་པ་བཏོད་པ།
     གཟི་རྩ་སྡེ་དགུ་རྫོང་གིས《གཟི་རྩ་སྡེ་དགུ་རྫོང་གི“རིག་གནས་སྟོབས་ཆེའི་རྫོང”གི་འཐབ་ཇུས་འཕེལ་རྒྱས་ཀྱི་ལོ་བཅུའི་འཆར་འགོད(2015ལོ་ནས2024ལོ་བར)》བཏོན་ནས། ཡུལ་དེའི་རིག་གནས་གསར་གཏོད་རང་བཞིན་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རིག་གནས་ལ་བརྟེན་ནས་དབུལ་སྐྱོར་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ་དང་། འཁྲབ་སྟོན་སྒྱུ་རྩལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བོད་རིགས་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་ཚོགས་པར་འགྱུར་བ་དང་འཁྲབ་སྟོན་སྒྱུ་རྩལ་ཐོན་ལས་དེ་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་ཕྱོགས་སྒྱུར་བྱས་པས་གཉེར་སྐྱོང་རང་བཞིན་གྱི་འཁྲབ་སྟོན་ཚོགས་པ10ཡིས་དུས་གཅིག་ཏུ་ཡུལ་སྐོར་བ་ཁྲི་1ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པ་དང་ཆབས་ཅིག ལོ་རེར་མང་ཚོགས་1100ལྷག་ཙམ་ལས་ཞུགས་ཐུབ་ཀྱི་ཡོད།
     ས་ཁོངས་ཀྱི་ལེགས་ཆར་བརྟེན་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དཔེ་མཚོན་བཏོད་པ།
     གཟི་རྩ་སྡེ་དགུའི་ལྟེ་བའི་མཛེས་ལྗོངས་ཁུལ་ལ་བརྟེན་པ་དང་གནད་ཀྱིས་ཁྱོན་གྱི་སྣེ་ཁྲིད་དེ་ས་ཁོངས་ཧྲིལ་པོར་སྐུལ་འདེད་གཏོང་བ་བརྒྱུད། ནེམ་ཨེན་བཟང་མཚོ་དང་། རྫ་བ་མཚོ། ཀན་ཧེ་ཙི་བཅས་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་3དང་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པ་དང་། ནོར་རིའི་སྤྱི་གླིང་དང་གཟི་རྩ་སྡེ་དགུ་ཆུང་བ་སོགས་ས་ཁོངས་ཧྲིལ་པོའི་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་མགྱོགས་མྱུར་བཏོད་དེ། ནེམ་ཨེན་བཟང་མཚོ་AAAAརིམ་པའི་མཛེས་ལྗོངས་ཁུལ་དང“སི་ཁྲོན་གྱི་ཡུལ་སྐོར་གྲགས་ཅན་རྫོང”སོགས་གཏོད་པའི་ལས་དོན་ཧུར་ཐག་སྤེལ་བ་རེད།
     ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་དབུལ་པོ་4000ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་། 2020ལོར་སྔོན་རྩིས་བྱས་ན་མི་5500ལྷག་ཙམ་ཟིན་རྒྱུ་ཡིན་པ་དེས་རྫོང་ཡོངས་ཀྱི་མི་འབོར་དབུལ་པོའི་97%བཟུང་ཡོད་པ་རེད།
     གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ།
     འགྲིམ་འགྲུལ་དང་། གྲོང་ཁྱེར་དང་གྲོང་རྡལ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རིགས་ཁག་གི་ཡུལ་སྐོར་དབུལ་སྐྱོར་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་2102.48བསྡུ་སྒྲིལ་བྱས་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་ཡུལ་སྐོར་དབུལ་སྐྱོར་གཙོ་གནད་གྲོང་ཚོ12ལ་རླངས་འཁོར་འཇོག་ས་དང་། ཡུལ་སྐོར་གསང་སྤྱོད། ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ས་ཚིགས། ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་ཡུལ་སྐོར་གྱི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་བཏོད་པ་རེད།