འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅༎རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་ལ་ཕུགས་ཕན་
ཡོང་བར་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན།

—— རྒྱལ་ཁབ་མང་པོའི་མི་སྣས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་བར་དོ་ཁུར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས《རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས(འཆར་ཟིན)》ལ་གྲོས་ཞིབ་བྱེད་བཞིན་ཡོད། རྒྱལ་ཁབ་མང་པོའི་མི་སྣས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཤང་ཀང་གི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཕྱི་ཕྱོགས་ཀྱི་ཕྱོགས་གཏོགས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་རུང་། ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་རྒྱུ་བརྟན་ལ་ཕུགས་ཕན་ཡོང་བའི་འགན་ལེན་བྱེད་པ་དང་། ཤང་ཀང་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
     མ་ལེ་ཞི་ཡའི་ཨེ་ཤེ་ཡ་གསར་པའི་ཇུས་གཞི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུང་ཧྲེ་ཅེ་ཡིས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་། ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཕན་པ་ཡོད་པ་དང་ཤང་ཀང་གི་ཁྲིམས་སྐྱོང་དང་དར་རྒྱས་བརྟན་ལྷིང་འགན་ལེན་བྱེད་ཐུབ་ཅེས་བརྗོད་པ་རེད།
     ཧིན་རྡུ་ཉི་ཞི་ཡའི་ཨེ་ཤེ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་པན་པང·སུར་གཡོད་ནུའོ་ཡིས། “ཤང་ཀང་རང་བཙན”གྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་རྒྱུན་མཐུད་ངང་འགྲན་སློང་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་ཟམ་མི་ཆད་པར་གནོད་འཚེ་བཟོ་བའི་དུས་བབ་ཀྱི་མདུན་དུ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དེ་ལྡོག་མེད་དང་ཁ་ཚ་དགོས་གཏུགས་ཤིག་ཡིན་པའི་ངོས་འཛིན་བྱས་པ་རེད།
     ཨེ་ཅེབ་ཀྱི་ཀྲུང་གོའི་ཚོང་ཚོགས་ཀྱི་དྲུང་ཆེ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཏི་ཡ·ཤི་ལེ་སྨིར་གྱིས། ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་ཐུབ་ཚེ་ཤང་ཀང་གི་དར་རྒྱས་བརྟན་ལྷིང་གཞི་ནས་འགན་ལེན་བྱེད་ཐུབ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་དྲག་པོ་འཕྲད་སྐབས་བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་དེ་གའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ་ནི་རང་བཙན་བདག་དབང་རྒྱལ་ཁབ་ཚང་མའི་དབང་ཆ་ཞིག་རེད་ཅེས་བརྗོད་པ་རེད།
     དབྱི་ཐ་ལིའི་ལུའོ་ལུན་ཙུའོ·མེ་ཏི་ཆི་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་ས་འབྲེལ་ཆབ་སྲིད་ཀྱི་རིགས་གཅིག་མཁས་ཅན་ཧྥ་པི་ཨའོ·ཕ་ལུན་ཏིས། གལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་མ་ཐུབ་ཚེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བར་རྨང་གཞི་མེད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་། ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་བཅའ་ཁྲིམས་ཀྱི་ནང་དོན་ཆད་ལུས་ཤོར་བ་དག་ཁ་གསབ་བྱེད་པ་ནི་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་བསྟར་ཐུབ་རྒྱུ་འགན་ལེན་བྱེད་པར་ཕན་པ་ཡོད་པ་ཞིག་ཡིན་པ་དང་། དེས་ཤང་ཀང་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་སྔར་ལས་ལྷག་པ་ཡོང་རྒྱུར་འགན་ལེན་ཐུབ་པའི་ངོས་འཛིན་བྱས་པ་རེད།
     ཧྥ་རན་སེའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་སུའོ་ཉི་ཡ·པུའུ་ལེ་སི་ལའེ་ཡིས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རིམ་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་བསྟར་བྱེད་རྒྱུ་བརྟན་ལ་ཕུགས་ཕན་ཡོང་བའི་རྩ་བའི་ཇུས་གཞི་ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ལས་དོན་སྔ་ཙམ་ལེགས་འགྲུབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤང་ཀང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་དང་ཤང་ཀང་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་རྒྱུ་འགན་ལེན་བྱེད་པའི་ཀྲུང་གོའི་ཆོད་སེམས་ཁྱབ་བསྒྲགས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།