འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་2ཉིན།

༄༅།།རྒྱལ་སྲུང་པུས་བསྟན་དོན། ཀྲུང་གོའི་མཚོ་དམག་གིས་ཧྲན་ཏུང་དམག་གྲུ་སྒྲིག་འཛུགས་བྱས་ནས་
མཚོ་ཐོག་ཏུ་ཚོད་ལྟ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་02ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་འཚོགས་པའི་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པ་རེན་གོ་ཆང་གིས“ལོ་འཁོར་གྱི་ཚོད་ལྟ་དང་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོའི་མཚོ་དམག་གིས་ཧྲན་ཏུང་གི་དམག་གྲུ་མཚོ་ཐོག་ཏུ་ཚོད་ལྟ་བྱ་རྒྱུའི་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་ཀྱི་སློབ་ཚན་དང་ཟུང་འབྲེལ་གྱིས་སྦྱོང་བརྡར་བྱས་ཡོད”ཅེས་བརྗོད།
    དེ་གོང་སྨྱན་སྦྱོར་ནས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་བཟོས་པའི་གནམ་ཐང་གྲུ་གཟིངས་ཐོག་མ་ཧྲན་ཏུང་དམག་གྲུ་དེ་ཚེས་25ཉིན་ཏ་ལེན་གྲུ་གཟིངས་བཟོ་གྲྭ་ནས་ཐོན་ཏེ། རྒྱ་མཚོའི་ཐོག་དམག་དོན་གྱི་ལས་འགན་སྒྲུབ་པ་དེ་ནི་ཧྲན་ཏུང་དམག་གྲུ་བེད་སྤྱོད་བྱས་ནས་ཟླ་བ་5སོང་རིང་གི་མཚོ་འགྲུལ་གྱི་སྦྱོང་བརྡར་ཐོག་མ་དེ་རེད། རེན་གོ་ཆང་གིས་ད་ཐེངས་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་ནི་གོ་མཚོན་སྒྲིག་ཆས་ཀྱི་ནུས་པར་ཞིབ་བཤེར་དང་གནམ་ཐང་གྲུ་གཟིངས་ཀྱི་སྦྱོང་བརྡར་ཆུ་ཚད་མཐོ་རུ་བཏང་སྟེ། དཔུང་སྡེས་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་རེད་ཅེས་བརྗོད།