འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅༎ལི་ཐང་རྫོང་སྨར་ཁམས་གྲོང་ཚོ། གངས་འདབས་ཀྱི་ལག་རྩེད་སྤོ་ལོའི་ཕུགས་འདུན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
བྱིས་པས་ལག་རྩེད་སྤོ་ལོ་སྦྱོང་བཞིན་པ།
བྱིས་པས་ལག་རྩེད་སྤོ་ལོ་སྦྱོང་བཞིན་པ།
     “ངོ་མ་ཡག་མོ་རེད། གཟའ་མཇུག་ཏུ་སྡེ་བའི་ནང་ལག་རྩེད་སྤོ་ལོ་རྩེ་ཆོག་པ་ནི་ཧ་ཅང་ཡག་མོ་རེད། ངའི་ལོ་མང་པོའི་རིང་གི་ལག་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱུང་སོང་། ཁ་དྲོ་ཁ་དྲོ།” ཟླ་5ཚེས་30ཉིན། བསོད་ནམས་རྒྱ་མཚོས་རོགས་པའི་འགོག་སྲུང་སྒྲོལ་ཏེ་གོམ་པ་ཆེན་པོ་གསུམ་སྤོས་ནས་སྤོ་ལོ་འཕངས་པ་ན་སྤོ་ལོ་སློ་མའི་ནང་དུ་བདེ་བླག་ངང་འཛུལ་བ་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚེ་མགོན་ཤང་སྨར་ཁམས་གྲོང་ཚོ་ནས་ཡིན་ཞིང་། རྫོང་གི་སློབ་འབྲིང་གཉིས་པའི་ལོ་རིམ་གཉིས་པར་ཡི་གེ་འདོན་བཞིན་པའི་བསོད་ནམས་རྒྱ་མཚོས་སྤོ་ལོ་དེ་བླུགས་རྗེས་དགའ་སྤྲོའི་ངང་གྲོང་ཚོར་བཅའ་སྡོད་རུ་མིར་མཐེ་བོང་བསྒྲེངས་པ་རེད། 
     ད་སྐབས་གཟའ་མཇུག་ལ་ཐོན་ཐེངས་རེར། སྡེ་བའི་ནང་གི་བྱིས་པ་རྣམས་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་རྗེས། འདི་ནི་སྤྲོ་སྐྱིད་ཁེངས་པའི་རྒྱ་མཚོ་ཞིག་ཏུ་གྱུར་ཡོད། ལོ་ན་ཆེ་ཆུང་མི་འདྲ་བའི་བྱིས་པ་སྐོར་ཞིག་གིས་དགོད་སྒྲའི་ནང་སྤོ་ལོ་འཕྲོག་རྩོད་བྱེད། ལུས་རྩལ་ཆེད་ལས་ནས་མཐར་ཕྱིན་པའི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱི་རོགས་སྐྱོར་ལས་བྱེད་པ་དགེ་རྒན་ཞོན་ཡུང་ཁྲང་གིས་ཀྱང་ཕྲུ་གུ་ཚོའི་རྩལ་སློབ་དགེ་རྒན་བྱས་ཏེ། ཁོང་ཚོར་སྤོ་ལོ་འདེད་སྟངས་དང་། སྤོ་ལོ་འཕེན་ཚུལ། གོམ་སྟབས་སྤོ་ལུགས་སོགས་ལག་རྩེད་སྤོ་ལོ་ལུས་རྩལ་གྱི་གཞི་རྩའི་ཤེས་བྱ་དང་ཐབས་རྩལ་བསླབས་པ་རེད།
     གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇམ་དབྱངས་ཀྱིས“སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་ང་ཚོའི་སྨར་ཁམས་གྲོང་ཚོར་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་པ་ནས་བཟུང་། ཐབས་བརྒྱ་ཇུས་སྟོང་གིས་གྲོང་མིར་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད་པ་རེད། ན་ནིང་གྲོང་ཚོའི་བྱེད་སྒོའི་ལྟེ་གནས་ཐང་ཆེན་དེ་ཨར་འདམ་དུ་བཟོས་པ་རེད། ད་ལྟ་ཡང་ལག་རྩེད་སྤོ་ལོའི་སྒྲོམ་སྒྲིག་སྦྱོར་བྱས་ཡོད་པས། ང་ཚོའི་སྡེ་བའི་བྱིས་པ་རྣམས་ལ་ཡང་ལུས་རྩལ་ར་བ་ཞིག་མང་དུ་སོང་ཡོད། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་གྱིས་རོགས་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ལི་ཐང་དུ་བཅའ་སྡོད་དབུལ་སྒྲོལ་རོགས་སྐྱོར་ལས་དོན་ཚོགས་ཆུང་གིས་དུས་འགོའི་བརྟག་ཞིབ་བྱས་པ་དང་སློབ་གྲྭའི་མོས་མཐུན་ཐོབ་པ་བརྒྱུད། ད་ལྟ་སྨར་ཁམས་གྲོང་ཚོར་ལག་རྩེད་སྤོ་ལོའི་སྒྲོམ་ཞིག་ཉོས་ལ། གྲོང་ཚོའི་བྱེད་སྒོའི་ལྟེ་གནས་ཐང་ཆེན་དུ་བཙུགས་ནས་ཚང་མའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
【1】  【2】  【3】
བྱིས་པས་ལག་རྩེད་སྤོ་ལོ་སྦྱོང་བཞིན་པ།
བྱིས་པས་ལག་རྩེད་སྤོ་ལོ་སྦྱོང་བཞིན་པ།