འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅།།རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་
ལ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཚེས་29ཉིན་པེ་ཅིང་དུ་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། འདི་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཐེངས་19པ་དེ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“དོན་རྐྱེན་གྱི་མངོན་མེད་རྐྱེན་ངན་བསལ་ནས་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་འཛུགས་དགོས”ཞེས་པ་དེ་རེད།
    “བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་སྐྱོད”དང“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་མཉམ་དུ་འགོ་ཚུགས་ཏེ་ཟླ་12པར་མཇུག་འགྲིལ་རྒྱུ་རེད། “བདེ་འཇགས་ཐོན་སྐྱེད་ལེ་དབར་ཁྲི་ལ་སྐྱོད”ཅེས་པས“ས་ཁོངས་ཀྱི་བྱ་སྤྱོད”དང“ཆེད་དོན་གྱི་བྱ་སྤྱོད”“དྲ་ཐོག་གི་བྱ་སྤྱོད”སོགས་བྱེད་སྒོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་མང་ཚོགས་དང་སྨྱན་སྦྱོར་གྱིས་ལྟ་སྐུལ་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་པ་དང་། ཐེར་འདོན་ཐད་སྦྲེལ་ཁ་པར་ཨང་གྲངས་12350དང་། མེ་ཟོན་ཐེར་འདོན་ཁ་པར་ཨང་གྲངས་119དང་96119དང་དེ་བཞིན་སྐད་འཕྲིན་དང་དཔོད་ཕྲན་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་ཁེ་ལས་ཀྱི་ལས་མིས་ཚབས་ཆེའི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་བྱེད་པར་སྐུལ་ལྕག་ཁྲིད་སྟོན་བྱ་རྒྱུ་དང་། ཐེར་འདོན་ཁུངས་སྣེར་གཞིགས་ནས་གསར་འགྱུར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ཏེ་དུས་ཐོག་ཏུ་གྱོད་གཞིའི་ཉེན་ཟོན་སློབ་གསོ་གཏོང་རྒྱུ་རེད།