འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་1ཉིན།

༄༅།།ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་མཁོ་
སྤྲོད་འགན་ལེན་སོགས་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་འདི་ལོའི་ཟླ་12ཚེས་31ཉིན་བར་ལག་བསྟར་
བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་01ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་དུས《རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་མཁོ་སྤྲོད་འགན་ལེན་སོགས་ཀྱི་ཁྲལ་གྲོན་སྲིད་ཇུས་དུས་བཀག་ལྟར་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ་དེའི་ནང་། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་སྐོར་གྱི་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས》དང《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཞལ་འདེབས་དང་ཁྲལ་བསྡུའི་སྲིད་ཇུས་སྐོར་གྱི་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས》 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་མི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་སྐོར་གྱི་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲཌ》 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་རྩ་ཆག་གཏོང་རྒྱུའི་སྐོར་གྱི་ནོར་སྲིད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་སྤྱི་བསྒྲགས》བཅས་ནང་གཏན་འབེབས་བྱས་པའི་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་2020ལོའི་ཟླ་12ཚེས་31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།