འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་གྲོས་རྒྱ་མཚོས་ས་སྐྱ་དགོན་པ་མངོན་མིན་རིག་གནས་
ཤུལ་བཞག་ནང་རེ་ཞུ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་བརྗོད།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ས་སྐྱ་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བློ་གྲོས་རྒྱ་མཚོས་ལོ་འདི་དག་གི་རིང་“ས་སྐྱ་དགོན་པ་འཛམ་གླིང་རིག་གནས་ཤུལ་བཞག་ནང་བཀོད་རྒྱུ་ཐད་རེ་ཞུའི་ཆེད་དུ”འབད་བརྩོན་བྱེད་བཞིན་ཡོད་པ་རེད།
   བློ་གྲོས་རྒྱ་མཚོས་རང་ཉིད་ནི་“ལམ་འགྲོ་ཆེ་བའི་མི་”ཞིག་ཡིན་པ་བརྗོད། ཁོང་ཉིད་ལོ་9ནས་བཟུང་སློབ་ཆུང་འགྲིམ་པ་དང་། ལོ་17སྐབས་དགོན་པར་ཞུགས་ནས་བཙུན་པ་བྱས་ཤིང་། སྟབས་ལེགས་པ་ཞིག་ལ་ད་ལོར་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུ་བྱུང་བ་དང་། དེ་དང་བསྟུན་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱས་ནས་རབ་འབྱམས་པའི་སློབ་གནས་ཐོབ་ཡོད། དུས་ཡུན་རིང་པོར་བཙུན་པའི་འཚོ་བར་རོལ་བས། གནའ་དེང་གི་ཤེས་བྱ་བྱང་ཆུབ་པའི་བློ་གྲོས་རྒྱ་མཚོར་ས་སྐྱ་དགོན་གྱི་ལོ་རྒྱུས་རིག་གནས་ལ་བརྩེ་བ་ཟབ་མོ་ལྡན་ཞིང་། ས་སྐྱའི་རིག་དངོས་སྲུང་སྐྱོང་དང་དགོན་པའི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་དང་རེ་བ་ཡོད།
   བོད་ལྗོངས་ནི་རྒྱལ་ཡོངས་རིག་དངོས་ཀྱི་གཙོ་གནད་ཞིང་ལྗོངས་ཤིག་ཡིན་པ་དང་། གངས་ལྗོངས་ས་མཐོར་ཁྱབ་པའི་རིག་དངོས་མང་པོའི་ནང་། དངོས་ཡོད་ཀྱི་ཐོག་ནས་བོད་ཀྱི་ལོ་རྒྱུས་བཀོད་ཡོད་ལ། སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་ཐོན་ཁུངས་ཤིག་ཀྱང་ཡིན། བློ་གྲོས་རྒྱ་མཚོས་བརྗོད་དོན། “ས་སྐྱ་དགོན་པར་རྒྱལ་ཁབ་རིམ་པའི་ལོ་རྒྱུས་ཀྱི་རིག་དངོས་རྩ་ཆེན་མང་པོ་ཉར་ཚགས་བྱས་ཡོད་པ་སྟེ། ལྷ་སྐུ་དང་དཔེ་རྙིང་། རྫ་ཆས་སོགས་རིག་དངོས་ཁྲི་12ཡོད་པས། བོད་ལྗོངས་ས་གནས་དང་ཀྲུང་དབྱང་སྲིད་གཞུང་དབར་གྱི་ལོ་རྒྱུས་འབྲེལ་བ་ར་སྤྲོད་བྱས་ཡོད།”
    དེ་གོང་1961ལོ་ནས། ས་སྐྱ་དགོན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ཕུན་སུམ་ཚོགས་པ། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ལ་གཏན་འཁེལ་བྱས་པ་རེད། བློ་གྲོས་རྒྱ་མཚོས་བརྗོད་དོན། “ས་སྐྱ་དགོན་པར་མཛེས་ཤིང་ནང་དོན་ཟབ་པའི་ལྡེབས་རིས་3000ལྷག་ཡོད་པ་དང་། བརྗོད་གཞི་ཁྱབ་ཆེ་ལ། བཟོ་རྩལ་ཞིབ་ཅིང་ཚགས་པ། ནང་དོན་ནི་ཆོས་ལུགས་དང་། ལོ་རྒྱུས། རིག་གནས་དང་སྤྱི་ཚོགས་འཚོ་བ་སོགས་ཕྱོགས་མང་འདུས་ཡོད་པས། ‘གངས་ལྗོངས་ཀྱི་ཏུན་ཧོང་’ངམ་ཀྲུང་གོའི་‘ཏུན་ཧོང་གཉིས་པ’ཡི་མཚན་སྙན་ལྡན་ཡོད།”
    “ས་སྐྱ་དགོན་དུ་ཉར་བའི་དཔེ་རྙིང་མང་ཞིང་། བོད་ལྗོངས་ཀྱི་དགོན་པ་ཁག་ནས་མང་ཤོས་ཡིན་པ་དང་། ལོ་འདི་དག་གི་རིང་། ས་སྐྱ་དགོན་པས་དགོན་པའི་ནང་གནའ་དེང་གཉིས་ལ་བྱང་ཆུབ་པའི་བཙུན་པ་ཚོ་སྒྲིག་འཛུགས་བྱས་ཏེ‘སྒོ་རུམ་རྩོམ་སྒྲིག་ཁང’བཙུགས་ནས། དགོན་པའི་ནང་ཉར་བའི་གནའ་དཔེའི་རིག་དངོས་ལེགས་སྒྲིག་བཤར་འབེབས་བྱེད་པ་དང་། དཀར་ཆག་ཕྱོགས་སྒྲིག་སོགས་བྱེད་བཞིན་ཡོད། དགོན་པའི་ནང་ས་སྐྱ་དགོན་གྱི་གློག་རྡུལ་དཔེ་མཛོད་ཁང་བཙུགས་ཡོད་ལ། རྩ་ཆེའི་གནའ་དཔེ་དང་ཡིག་ཆ་སྲུང་སྐྱོང་དང་མྱུར་སྐྱོབ་བྱས་པས། གྲུབ་འབྲས་བཟང་པོ་ཐོབ་ཡོད།”  བློ་གྲོས་རྒྱ་མཚོས་བརྗོད་དོན། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཉིན་རེ་བཞིན་སྒོ་འབྱེད་པ་དང་བསྟུན། ཉེ་བའི་ལོའི་ནང་། ས་སྐྱ་དགོན་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད། ཁོང་ཚོའི་ཁྲོད་ཀྱི་མང་ཆེ་བ་ས་སྐྱ་དགོན་གྱི་མཚན་སྙན་གྲགས་ཐོས་ནས་ཡོང་བ་རེད།  
    “ས་སྐྱ་དགོན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མཚན་སྙན་གྲགས་ཆེ་བ། ས་ཡི་དགེ་མཚན་ལྡན་པ། ”“ཡུལ་སྐོར་གྱིས་ས་སྐྱའི་མང་ཚོགས་སྣེ་འཁྲིད་དེ་ཕྱུག་འགྱུར་བྱེད་པ་དང་། དགོན་པས་དགོན་པ་གསོ་བ། དགོན་པས་ཉེ་འཁོར་གྱི་མང་ཚོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས།”  བློ་གྲོས་རྒྱ་མཚོས་རེ་སྒུག་ཆེན་པོའི་ངང་བརྗོད་དོན། འབད་པ་ཆེན་པོས་ས་སྐྱ་དགོན་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་རེ་ཞུའི་གྲ་སྒྲིག་མིང་ཐོ་ནང་འགོད་ནས། འཛམ་གླིང་རིག་གནས་ཤུལ་བཞག་རེ་ཞུ་བྱ་རྒྱུ་ཡིན།  “གལ་ཏེ་རེ་ཞུ་ལེགས་འགྲུབ་བྱུང་ན། ས་སྐྱ་དགོན་གྱི་རྩ་ཆེའི་རིག་དངོས་གནའ་ཤུལ་‘རྒྱུན་འཛིན་ཡག་པོ་ཐུབ་རྒྱུ་དང་།’དུས་མཚུངས་སུ། རིག་གནས་ཀྱིས་ཡུལ་སྐོར་ལ་སྐུལ་འཁྲིད་ཐུབ་ནས། ཉེ་འཁོར་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད།”