མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་
རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་ཁག་སོ་སོར་གནང་བའི་དམངས་དོན་ཁྲིམས་གཞུང་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་འཆར་ཟིན་བཟོ་བཅོས་མ་ཟིན་གྱི་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་སྒྲོན་གསན་པ་དང་སྦྲགས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་དང་གཏན་འབེབས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་པའི་མ་ཟིན་ལ་གྲོས་ཞིབ་ཀྱང་གནང་བ་རེད།
     ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་བཅས་ཡིན་པའི་དབྱང་ཀྲེང་ཝུའུ་ཡིས་ཁག་སོ་སོར་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་དང་བཟོ་བཅོས་ཀྱི་གནས་ཚུལ་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྙན་སེང་གསན་པ་དང་སྦྲགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་གསུམ་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་ཀྱང་གནང་བ་རེད།
     ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིང་གིས་གནང་བའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྙན་སྒྲོན་གསན་པ་དང་སྦྲགས་དེར་གྲོས་ཞིབ་ཀྱང་གནང་བ་རེད།
     ཚོགས་འདུའི་ཐོག་འབྲེལ་ཡོད་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་བཅད་པའི་མ་ཟིན་དང་གྲོས་ཆོད་འཆར་ཟིན་དང་སྙན་སྒྲོན་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།

  
style="display:none;"