འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅༎ནོར་སྲིད་པུའུ་དང་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མ་དངུལ་
བཀོད་སྒྲིག་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ནས་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཟོག་འདྲེན་ནུས་པ་བརྟན་པོ་དང་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་། མཁོ་སྤྲོད་འཁོར་སྦྲེལ་འཁོར་སྐྱོད་ཡག་པོ་འགན་ལེན་བྱ་ཆེད། ནོར་སྲིད་པུའུ་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཉེ་ཆར《རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ཀྱི་རྒྱལ་སྤྱིའི་ཟོག་འདྲེན་ནུས་པ་བརྟན་པོ་དང་ཆེ་རུ་གཏོང་བར་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ལག་ལེན་བསྟར་རྒྱུའི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་བཀོད་སྒྲིག་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་འགྲུལ་སྐྱེལ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སྲིད་ཇུས་ལག་ལེན་བསྟར་བའི་དུས་བཀག་དེ་2020ལོའི་ཟླ་4ཚེས་1ནས་2020ལོའི་ཟླ་6ཚེས་30ཉིན་བར་ཡིན་པ་རེད།
     《བརྡ་ཐོའི》ནང་། མཁའ་འགྲུལ་ཀུང་སིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། འགྲུལ་ཚང་དུ་དངོས་ཟོག་བླུག་ས་བཟོ་བའི་རྣམ་གྲངས་ཀྱི་གྲོན་དངུལ་ཁ་གསབ་བྱ་རྒྱུ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་འགྲུལ་པ་མི་བླུག་པའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་གནམ་གྲུར་བྱ་དགའ་སྤྲོད་རྒྱུ་དང་། བྱ་དགའ་སྤྲོད་པའི་ཚད་གཞི་དུས་གཏན་གནམ་གྲུ་འཕུར་སྐྱོད་ཀྱི་ལམ་ཐག་སོགས་ལ་གཞིགས་ནས་རིམ་པ་བརྒྱད་ལ་དབྱེ་བ་བསྟན་ཡོད།
     《བརྡ་ཐོའི》ནང་། ཀྲུང་གོ་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་མཁའ་འགྲུལ་ཀུང་སི་ཆེན་པོ་གསུམ་ཞེས་པ་བསྡུ་རྒྱུ) དེ་བཞིན་ཕྱི་རྒྱལ་མཁའ་འགྲུལ་ཀུང་སི་བཅས་ཀྱིས་ཟླ་རེར་དུས་བཀག་བཞིན་དམངས་སྤྱོད་མཁའ་འགྲུལ་ཅུས་དང་། ནོར་སྲིད་པུའུ་ལ་མ་དངུལ་རེ་འདུན་ཡིག་ཆ་དང་འབྲེལ་ཡོད་དཔང་རྟགས་དཔྱད་ཡིག་སྐྱེལ་དགོས་པ་དང་། མཁའ་འགྲུལ་ཀུང་སི་གཞན་དག་གིས་ཁེ་ལས་ཐོ་འགོད་བྱ་ཡུལ་གྱི་དམངས་སྤྱོད་མཁའ་འགྲུལ་ས་ཁུལ་དོ་དམ་ཅུས་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཚན་ལ་མ་དངུལ་རེ་འདུན་ཡིག་ཆ་དང་འབྲེལ་ཡོད་དཔང་རྟགས་དཔྱད་ཡིག་སྐྱེལ་དགོས། དམངས་སྤྱོད་མཁའ་འགྲུལ་ས་ཁུལ་དོ་དམ་ཅུས་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཚན་གྱིས་ཞིབ་དཔྱད་བྱས་རྗེས་དམངས་སྤྱོད་མཁའ་འགྲུལ་ཅུས་དང་ནོར་སྲིད་པུའུ་ལ་སྐྱེལ་དགོས། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་འབྲེལ་ཡོད་ཀྱི་གྲངས་གཞིར་གཞིགས་ནས་མཁའ་འགྲུལ་ཀུང་སིས་བསྐྱལ་བའི་རེ་འདུན་ཡིག་ཆ་དང་འབྲེལ་ཡོད་དཔྱད་གཞིར་ཞིབ་དཔྱད་བྱས་ནས་ཞིབ་དཔྱད་བྱས་འབྲས་ནོར་སྲིད་པུའུ་ལ་སྐྱེལ་དགོས། ནོར་སྲིད་པུས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཞིབ་དཔྱད་བྱས་པའི་གནས་ཚུལ་དང་འབྲེལ་ཡོད་ཚད་གཞི་ལྟར་འབྲེལ་ཡོད་ཁེ་ལས་དང་ས་གནས་ལ་མ་དངུལ་སྤྲོད་རྒྱུ་དང་། དེའི་ནང་མཁའ་འགྲུལ་ཀུང་སི་ཆེན་པོ་གསུམ་གྱི་མ་དངུལ་ནོར་སྲིད་པུས་ཐད་ཀར་སྤྲོད་རྒྱུ་དང་། རྒྱལ་ནང་གི་མཁའ་འགྲུལ་ཀུང་སི་གཞན་དག་ལ་ཀྲུང་དབྱང་གིས་ས་གནས་བརྒྱུད་དེ་སྤྲོད་པའི་བྱ་ཐབས་སྤྱད་དེ་དངུལ་སྤྲོད་རྒྱུ་དང་ས་གནས་ཀྱི་ནོར་སྲིད་སྡེ་ཚན་གྱིས་དངུལ་སྤྲོད་པའི་འགན་ཁུར་རྒྱུ། ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སིར་སྤྲོད་པའི་མ་དངུལ་དག་དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱི་སྔོན་རྩིས་ནང་བཅུག་པ་དང་། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དངུལ་བརྒྱུད་སྤྲོད་ཀྱི་འགན་འཁུར་རྒྱུ། མ་དངུལ་རྒྱལ་མཛོད་ནས་གཅིག་གྱུར་སྤྲོད་རྒྱུའི་འབྲེལ་ཡོད་གཏན་འབེབས་བཞིན་ལག་ལེན་བསྟར་རྒྱུ་ཡིན་པ་བཅས་ཁ་གསལ་འཁོད་ཡོད།