འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།འཐུས་མི་དང་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འཛུགས་སྐྱོང་ལ་དམིགས་ནས་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཐུས་མི་དང་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འཛུགས་སྐྱོང་ལ་དམིགས་ནས་གཏམ་བཤད་གནང་བ།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ཅེས་ཆ་འཕྲིན་གཏོང་སྤེལ་དང་། རིམས་ནད་རིགས་པའི་གྲངས་གཞི་དབྱེ་ཞིབ། རིམ་དབྱེ་རིགས་དབྱེའི་དོ་དམ་ཚོད་འཛིན། ཆ་ལག་ཚང་བའི་བཀོལ་སྤྱོད་བརྒྱུད་རིམ་སྐྲུན་པ་བཅས་བྱས་ཚེ། རིམས་ནད་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ལོགས་སུ་འཇོག་ཐུབ་པའི་ངོས་འཛིན་གནང་བ་རེད། རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་ཉེན་ཁ་འགོག་ཟོན་དང་མེད་པར་བཟོ་བ་ནི། རྒྱལ་ཁབ་ཀྱི་བདེ་འཇགས་འཕེལ་རྒྱས་དང་སྤྱི་ཚོགས་ཆབ་སྲིད་སྤྱི་ཡོངས་བརྟན་པོ་ཡོང་བ་དང་འབྲེལ་བ་ཡོད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། འཐུས་མི་དང་ཨུ་ཡོན་ཚོས་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འཛུགས་སྐྱོང་ལ་ཐབས་འདོན་ཇུས་འབུལ་གནང་བ་རེད།