འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་29ཉིན།

༄༅།།འཐུས་མི་དང་ཨུ་ཡོན་ཚོས“རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན”གྱི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་29ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཝང་དབྱིས་གསར་གཏོད་པ་དང་དབུ་བཞུགས་ཁྲིམས་དཔོན་གཅིག་ལྕོགས་ཏིང་ལེ་ཡིས་ད་ཐེངས“གྲངས་གཞི་ཅན”གྱི་འབྲེལ་ཡོད་གྲོས་གཞི་7ཁྱེར་ཡོད། “‘རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན’དང་ལྷག་པར་དུ་5Gཡི་རིན་ཐང་དེ་བས་མང་བ་དངོས་སྦྲེལ་དྲ་རྒྱ་དང་བཟོ་ལས་དྲ་སྦྲེལ་ཐོག་མངོན་སྲིད། འཛད་སྤྱོད་དྲ་སྦྲེལ་གྱི་རིམ་ངོས་སུ་སློབ་གསོ་དང་། རོལ་རྩེད། གླུ་གཞས། བརྙན་ཐུང་སོགས་ཀྱི་ནང་དོན་ལ་སྐུལ་འདེད་གཏོང་བའི་ཐོན་ལས་ཀྱི་རེས་སྐོར་གསར་པའི་འཕེལ་རྒྱས་ལ་སྐུལ་སློང་ཐུབ་སྲིད”ཅེས་གསུངས།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལན་ཞང་ཚོགས་པའི་ཏུང་ཧྲི་ཀྲང་དང་CEOགཅིག་ལྕོགས་དབྱང་ཡོན་ཆིང་གིས“རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན”གྱི་ཕྱོགས་གཅིག་མ་དངུལ་འཇོག་པའི་དགོས་མཁོ་ཤུགས་ཆེན་དང་འབྲེལ་བ་དང་ཕྱོགས་གཞན་ཞིག་རྒྱུན་ཆད་མེད་པར་རིམ་པ་སྤོར་བའི་ཁེ་ལས་ཁྲོམ་ར་དང་འབྲེལ་ཡོད། དུས་ཐུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་པོའི་ངང་འཕར་བ་ཡིན་ནའང་འདྲ། ཡང་ན་ཡུན་རིང་གི་རིག་ལྡན་དཔལ་འབྱོར་ནུས་པ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་གང་ཡིན་རུང་ནུས་པ་ཤུགས་ཆེན་འདོན་སྤེལ་ཐུབ་སྲིད་ཅེས་གསུངས།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པའེ་ཏུའུ་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཡན་ཧུང་གིས “རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན”གྱི་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད། གལ་ཏེ“བྱ་འཛིན་ཉ་འཛིན”བྱས་ཚེ་རྣམ་གྲངས་ཚང་མའི་སྐུལ་འདེད་ཀྱི་མྱུར་ཚད་འགོར་དུ་འགྲོ་སྲིད་པས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྩེ་རིམ་ཇུས་འགོད་ཡག་པོ་བྱེད་དགོས་ཞེས་གསུངས།
 ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།