འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེང་གསུམ་པ་དེ་རིང་མཇུག་
སྒྲིལ་རྒྱུ་ཡིན་པ།

ཙུང་ལི་ལི་ཁེ་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་རྒྱུ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་ཚེས་28ཉིན་གྱི་སྔ་དྲོ་འཐུས་མིའི་ཚོ་ཆུང་གི་གྲོས་ཚོགས་འཚོག་ནས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ལོ་འཁོར་གྱི་འཆར་གཞི། ལོ་འཁོར་གྱི་སྔོན་རྩིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ཀྱི་གྲོས་ཆོད་མ་ཟིན་དྲུག་དང་། དམངས་དོན་ཁྲིམས་གཞུང་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་རྒྱུའི་མ་ཟིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆོད་དོན་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་རྒྱུའི་མ་ཟིན་དང་། ཧྥེང་ཀྲུང་ཧྭ་ཡི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་གོ་གནས་ལས་དགོངས་ཞུ་བྱ་རྒྱུ་དང་ལེན་བྱེད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལ་གྲོས་ཞིབ་བྱ་རྒྱུ་དང་། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྒྱུ་རེད་།
   ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་མཇུག་སྒྲིལ་ཚོགས་འདུ་འཚོགས་རྒྱུ་རེད།
   ཚོགས་འདུ་མཇུག་སྒྲིལ་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གསུམ་པའི་གསེར་མདོག་ཚོམས་ཆེན་དུ་གསར་འགོད་པའི་ཚོགས་འདུར་ཞུགས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་རྒྱུ་རེད།