མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གནས་ཚུལ་སྐོར་གྱི་སྙན་སེང་
གསན་པ། འབྲེལ་ཡོད་ཡིག་ཆའི་འཆར་ཟིན་ལ་གྲོས་ཞིབ་གནང་བ། དབང་དབྱང་གིས་
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་བདུན་པ་ཚེས་26ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་སེང་གསན་པ་དང་། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཆེ་གསབ་འདེམས་ཀྱི་འདེམས་བསྐོའི་བྱེད་ཐབས(འཆར་ཟིན)དང་། དྲུང་ཆེའི་འོས་མི་གསབ་འདེམས་ཀྱི་མཚན་ཐོ(འཆར་ཟིན) རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད(འཆར་ཟིན) སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན(འཆར་ཟིན) སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད(འཆར་ཟིན)བཅས་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད། ཚོགས་འདུའི་ཐོག་གོང་གསལ་ཡིག་ཆའི་འཆར་ཟིན་རྣམས་ཟླ་5ཚེས་27ཉིན་གྱི་སྔ་དྲོ་འཚོག་རྒྱུའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
     དབང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ཨུ་ཡོན་རྣམས་ཀྱིས་སྔོན་གཏན་འཁེལ་བའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་ལ་གཞིགས་ནས་ཚོགས་འདུར་ཧུར་ཐག་ཞུགས་ཏེ། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གསན་པ་དང་གྲོས་ཞིབ་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན། དམངས་དོན་ཁྲིམས་གཞུང་འཆར་ཟིན་སོགས་གསན་པ་དང་གྲོས་བསྡུར་གནང་བ་མ་ཟད། རིགས་ཁོངས་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ལ་གྲོས་མོལ་སྲིད་གླེང་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད། ཚོགས་ཆེན་བདེ་འཇགས་དང་གོ་རིམ་ལྡན་པ་དང་། ཧྲག་སྒྲུབ་དངོས་གཉེར་ཐུབ་པ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་ཐུབ་པས། ཟུངས་ཤུགས་འཕེལ་བ་དང་དྲང་ནུས་གཅིག་སྒྲིལ་ཐུབ་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལེགས་ཆ་དང་ཁྱད་ཆོས་མངོན་ཡོད་ཅེས་གསུངས་པ་རེད།

  
style="display:none;"