འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་28ཉིན།

༄༅།།“ཀྲུང་གོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་
པ་ང་ལ་ཡིད་ཆེས་ཡོད”

—— དབྱིན་ཇིའི་ལོན་ཏོན་རྒྱལ་པོའི་སློབ་གླིང་གི་ཀྲུང་གོ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁེ་ལི·པུ་ལང་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་28ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    “དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ་དེ་ནི་ཧ་ལས་དགོས་པའི་ཀྲུང་གོའི་གྲུབ་འབྲས་ཤིག་རེད། ཀྲུང་གོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་དབྱིན་ཇིའི་ལོན་ཏོན་རྒྱལ་པོའི་སློབ་གླིང་གི་ཀྲུང་གོ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁེ་ལི·པུ་ལང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
   2020ལོ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་མཐའ་དག་ཁྱད་བསད་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་ཡོངས་ཀྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་པ་སླར་ཡང་བསྐྱར་བསྒྲགས་བྱས་ཡོད།
    པུ་ལང་གིས་དམིགས་བསལ་གྱི་དུས་སྐབས་འོག་ཀྲུང་གོས་དམིགས་ཚད་དེ་མངོན་འགྱུར་བྱེད་མཚམས་བཞག་མེད་པ་དེ་ཐོག་ནས། ཀྲུང་གོ་སྲིད་གཞུང་གི་མི་རྩ་བར་འཛིན་པའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་མངོན་ཡོད་ཅེས་བརྗོད་བྱུང་།
    དེ་སྔོན་དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་ཕྲན་མཉམ་འབྲེལ་ལས་དོན་པུའུ་རུ་གོ་གནས་འཁུར་མྱོང་ཡོད་པའི་པུ་ལང་གིས་ཀྲུང་གོའི་གནད་དོན་ལ་ཞིབ་འཇུག་ཡུན་རིང་གནང་མྱོང་ཡོད། ཁོང་གིས་དུས་རབས་ཕྱེད་ཀའི་གོང་དུ་ཀྲུང་གོར་ད་དུང་མི་འབོར་མང་པོ་ཞིག་དབུལ་པོའི་ཚད་གཞིའི་འོག་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་གཅིག་གཟིགས་དང། ཁྱེད་ཀྱིས་ཧང་སངས་དགོས་པའི་གྲུབ་འབྲས་མཐོང་ཐུབ། ཀྲུང་གོའི་དབུལ་སྒྲོལ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་བརྗོད་བྱུང་།
    ཀྲུང་གོའི་དབུལ་སྒྲོལ་སྐོར་གླེང་སྐབས། པུ་ལང་གིས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་དུས་དཀྱིལ་དུ་ནང་སོག་ལ་བསྐྱོད་སྐབས་བག་ཆགས་ཟབ་མོ་བྱུང་ཞེས་བརྗོད་ཅིང་། ཁོང་གིས་དྲན་གསོ་དང་བཅས་སི་ཙེ་དབང་ཆི་སོགས་ས་ཆར་རྟག་ཏུ་གློག་ཆད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གང་ཡང་མེད། ད་ཆ་ས་ཕྱོགས་གང་སར་མྱུར་བགྲོད་གཞུང་ལམ་ཡོད་ལ། ཐོག་བརྩེགས་ཁང་པ་ཡང་བསྐྲུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཧུའུ་ཧོ་ཧའོ་ཐེར་ཆ་མཚོན་ན། ངས་ལོ་ཉི་ཤུ་ལྷག་ཙམ་གོང་མཐོང་བ་དང་མི་འདྲ་བར་ད་ཆ་འགྱུར་ལྡོག་ཆེན་པོ་ཕྱིན་ནས་ངོ་ཤེས་ཐབས་མེད་པར་འགྱུར་འདུག་ཅེས་བརྗོད་བྱུང་།
    པུ་ལང་གིས་ཀྲུང་གོ་དབུལ་སྒྲོལ་བྱུང་བ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། “ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ནི་འཆར་འགོད་རླབས་པོ་ཆེ་ཞིག་དང་དོན་སྙིང་གལ་ཆེན་ལྡན་པའི་འཆར་འགོད”ཅིག་རེད་ཅེས་བརྗོད་བྱུང་།
   “གོ་ལ་ཧྲིལ་པོར་ཡིག་རྨོངས་སེལ་ཚད་མང་དུ་གཏོང་བ་དང་དབུལ་པོར་འགྱུར་ཚད་ཉུང་དུ་གཏོང་བའམ་ཡང་ན་མི་དེ་བས་མང་བ་ཞིག་ལ་ཆུ་གཙང་མ་འཐུང་རྒྱུ་བྱུང་བའམ་ཡང་ན་མི་རྣམས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་བཅས་ཀྱི་ཁྲོད་ཀྲུང་གོའི་དབུལ་སྒྲོལ་གྱིས་འཁྲབ་རྩལ་གཙོ་བོའི་ནུས་པ་བཏོན་ཡོད”ཅེས་བརྗོད་བྱུང་།