འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎རྒྱལ་ཁའི་ངང་རི་རྩེར་འཛེགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྒྱལ་ཁའི་ངང་རི་རྩེར་འཛེགས་པ།
     མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་5ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག 2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གི་རུ་མི་8ཚང་མ་ཇོ་མོ་གླང་མའི་རི་རྩེར་འཛེགས་ཐུབ་ཡོད།
     མིག་སྔར། རི་རྩེར་རུ་མི་ཚོའི་གཟུགས་པོའི་གནས་ཚུལ་རྒྱུན་ལྡན་ལྟར་ཡིན་ལ། ཁོང་ཚོས་འབྲེལ་ཡོད་ཚད་ལེན་ལས་སྒྲུབ་བྱེད་བཞིན་ཡོད། 
     རི་རྩེར་འཛེགས་མཁན་རུ་མི་བརྒྱད་ནི་ཚེ་བློ་དང་། ཡོན་ཕུའུ་ཏུང་། ལི་ཕུའུ་ཆིང་། ཕུར་བུ་དོན་གྲུབ། ཚེ་རིང་རྡོ་རྗེ། ཚེ་རིང་ཕུན་ཚོགས། ཚེ་རིང་ནོར་བུ། བློ་བཟང་དོན་གྲུབ་བཅས་རེད། 
     ཁོང་ཚོས་དེ་རིང་ཞོགས་པའི་ཆུ་ཚོད་གཉིས་པ་ཙམ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་8300ཡོད་པའི་འཕྲལ་སྒྲུབ་སྒར་ས་ནས་རི་རྩེར་འཛེགས་པ་རེད།
༄༅༎རྒྱལ་ཁའི་ངང་རི་རྩེར་འཛེགས་པ།