འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎ཕྱི་འབྲེལ་པུས། ནད་དུག་གི་ཐོན་ཁུངས་གནད་དོན་ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་བར་འགྱུར་རྒྱུར་
ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 12:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རི་པིན་གྱི་འགོ་ཁྲིད་པས“རིམས་ནད་ཀྲུང་གོ་ནས་འཛམ་གླིང་ལ་མཆེད་པ་དེ་ནི་དོན་དངོས་ཡིན”ཞེས་བརྗོད་པའི་གནས་ཚུལ་སྤེལ་བར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་26ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ནད་དུག་གི་ཐོན་ཁུངས་གནད་དོན་ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་བར་འགྱུར་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། “ཏོག་གསར་ནད་དུག་གི་འབྱུང་རྩ་ནི་ཚན་རིག་གི་གནད་དོན་ནན་པོ་ཞིག་རེད། ངེས་པར་དུ་དོན་དངོས་དང་ཚན་རིག་གཞིར་བཟུང་ནས་ཚན་རིག་དང་གསོ་རིག་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱ་དགོས”ཞེས་བཤད་པ་དང་། “ཀྲུང་གོ་ཕྱོགས་ཀྱིས་ནད་དུག་གི་ཐོན་ཁུངས་གནད་དོན་ཆབ་སྲིད་ཅན་དང་མིང་ཆད་ངན་པ་བཟོ་བར་འགྱུར་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། བྱེད་སྟངས་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་ཞིབ་འཇུག་སྒྲིག་གཞི་དང་གསོ་རིག་རིགས་གཅིག་མཁས་ཅན་འབོར་ཆེན་གྱི་ཆེད་ལས་བསམ་འཆར་དང་འགལ་ཡོད་པ་མ་ཟད། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་བརྩོན་དང་རེ་སྒུག་དང་དེ་བས་འགལ་ཡོད”ཅེས་བརྗོད་པ་རེད།
     ཀྲའོ་ལི་ཅན་གྱིས། ཆབ་སྲིད་ཀྱི་ལོང་རྒྱུག་དེ་ཚན་རིག་གི་བརྡར་གཅོད་ཐོག་འཇོག་མི་རུང་། མཐུན་སྒྲིལ་མཉམ་ལས་ནི་མིའི་རིགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་ཆེས་ནུས་ལྡན་དེ་ཡིན་ཞེས་ནན་བཤད་བྱས་པ་རེད།