འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཅིག་འདོམས་ཀྱིས་
ཡག་པོ་སྒྲུབ་དགོས་པའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཅིག་འདོམས་ཀྱིས་
ཡག་པོ་སྒྲུབ་དགོས་པའི་གྲོས་འགོ་བཏོན་པ།
     འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཟོས་པའི་རྡབ་རྡེབ་ཀྱི་མདུན་དུ། གང་འདྲ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་རྒྱལ་ཡོངས་ཀུན་གྱིས་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་། འཐུས་མི་དང་ཨུ་ཡོན་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཅིག་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་ཐབས་འདོན་ཇུས་འདོན་གནང་བ་རེད། འདི་ནི་ཟླ་4ཚེས་28ཉིན། ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་འཛུགས་སྐྲུན་པས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ཀོང་ཀུའུ་ཏ་ཡུའེ་གྲོང་འཛུགས་སྐྲུན་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པ།