འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅༎ཏན་ཏན་ཏིག་ཏིག་ངང་ཕུགས་འདུན་གྱི་ཆེད་དུ་མདུན་སྐྱོད་བྱེད།

—— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི “འཐུས་མིའི་བགྲོད་ལམ”ཐེངས་གཉིས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ལག་རྩལ་སྦྱོང་བརྡར་ཐེངས་མང་བྱས་པ་བརྒྱུད་ལོ་18རིང་ནོར་འཛོལ་གང་ཡང་བྱུང་མེད། ཡ་ཏིང་མཚོ་ཁུག་ཏུ་མཚམས་ཆད་མ་མྱོང་བའི་སྲུང་སྐྱོང་དམ་བཅའ་ལེགས་གྲུབ་བྱས་པ། རི་ཁུག་ནས་ཐོན་ཡང་སླར་ཡང་རི་ཁུག་ཏུ་ལོག་ནས་ས་མཐོའི་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུར་རམ་འདེགས་གནང་བ།
     ཚེས་25ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2པ་ཙམ་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི“འཐུས་མིའི་བགྲོད་ལམ”ཐེངས་གཉིས་པ་དུས་བཀག་ལྟར་འགོ་ཚུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་6གིས་འབད་འཐབ་ཀྱི་གཏམ་རྒྱུད་མཉམ་སྤྱོད་དང་འགན་སྒྲུབ་ཀྱི་སེམས་གཏམ་ལྷུག་པོར་གསུངས་ཤིང་། གཏམ་བརྗོད་ཁྲོད་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་པའི་ཡིད་ཆེས་ཁེངས་ཡོད།
     འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བའི་འོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཟམ་མི་ཆད་པར་འཚོལ་ཞིབ་དང་འབད་འཐབ་བྱས་ཚེ་གཞི་ནས་འགག་སྒྲོལ་དཀའ་སེལ་དང་ཕུགས་འདུན་གྱི་ཆེད་དུ་མདུན་སྐྱོད་བྱེད་ཐུབ་ངེས་རེད།
     འཐུས་མི་ཀྲོའུ་དབྱི་ཀྲེ་ཡི་ཕུགས་འདུན་ནི་ནང་སོག་གི་ཏ་ཤིང་ཨན་ལེང་གི་སྔོ་ཐིང་ཐིང་གི་ནགས་ཚལ་སྲུང་སྐྱོང་གནང་རྒྱུ་དེ་རེད། ཏ་ཤིང་ཨན་ལེང་བྱང་རྒྱུད་ནགས་རའི་ལས་བཟོ་བ་ཞིག་ཡིན་པའི་ཀྲོའུ་དབྱི་ཀྲེ་ཤིང་གཅོད་མཁན་ནས་ནགས་ཚལ་སྲུང་སྐྱོང་མཁན་དུ་གྱུར་བ་རེད། 2015ལོར་རྒྱབ་ཁབ་ཀྱིས་ཕྱོགས་ཡོངས་ནས་ཤིང་གཅོད་མཚམས་འཇོག་པའི་འབོད་སྐུལ་བྱས་པས་ལོ་35རིང་ཤིང་བཅད་པའི་ཀྲོའུ་དབྱི་ཀྲེ་ནགས་ཚལ་སྲུང་སྐྱོང་མཁན་དུ་གྱུར་ཏེ་དེ་སྔོན་ལས་ཀ་ཤོར་བར་སེམས་ཁྲལ་སྐྱེས་པའི་ཁོང་ལ་དུས་ཚིགས་བཞི་ཀར་ལས་ཀ་ཡོད་པ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་པ་རེད།
     “སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་ཀྲོའུ་དབྱི་ཀྲེ་ཡིས་གསུངས་པ་དང་། དེ་སྔོན་ཤིང་གཅོད་པ་ནི་ལེགས་སྐྱེས་འབུལ་བ་ཞིག་ཡིན་ལ། ད་ཆ་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་ཡང་ལེགས་སྐྱེས་འབུལ་བ་ཞིག་ཡིན་པས་ནགས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཇེ་ཡག་ཏུ་གྱུར་བ་དང་འཚོ་བ་ཡང་ཇི་ཙམ་བསྐྱལ་བ་དེ་ཙམ་གྱི་མཛེས་སྡུག་ལྡན་པར་གྱུར་ཡོད། ཁོང་གིས་གཞོན་ནུ་དེ་བས་མང་བ་ནགས་ཁུལ་དུ་ཡོང་ནས་ཏ་ཤིང་ཨན་ལེང་གི་ལྗང་མདོག་གི་མཛེས་ལྗོངས་ཁུལ་མཉམ་དུ་སྲུང་སྐྱོང་བྱེད་རྒྱུའི་ཐུགས་རེ་གནང་གི་ཡོད།
     གསར་གཏོད་དང་འཕེལ་རྒྱས་ནི་སློབ་གསོ་དང་ཁ་འབྲལ་ཐབས་མེད་ལ། མི་རིགས་བསྐྱར་དར་ཡོང་བར་ཤེས་ལྡན་པའི་འདེགས་སྐྱོར་དེ་བས་དགོས་མཁོ་ཆེ།
     བོད་ལྗོངས་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཡིན་པའི་འཐུས་མི་སྐལ་བཟང་བདེ་སྐྱིད་ནང་སའི་བོད་ལྗོངས་འཛིན་གྲྭར་བསྐྱོད་ནས་རི་ཁུག་ནས་ཁ་བྲལ་བ་རེད། ཡིན་ནའང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་སློབ་ཁྲིད་བྱ་རྒྱུའི་སེམས་ཐག་བཅད་པ་རེད།
     སྐལ་བཟང་བདེ་སྐྱིད་ཀྱིས་ཕ་ཡུལ་ལ་ལོག་མ་ཐག་པའི་སྐབས་སུ་སློབ་ཤོར་བྱས་པའི་ཕྲུ་གུ་མང་པོ་ཡོད་པས་དེ་དག་སློབ་གྲྭར་ལོག་རྒྱུའི་སློབ་གསོ་རྒྱག་པ་དེ་དགེ་རྒན་གྱི་ལས་ཀ་གཙོ་བོར་གྱུར་ཡོད། བུ་མོ་ཆུང་ཆུང་ཞིག་སློབ་ཆུང་མཐར་ཕྱིན་ལ་ཉེ་བའི་སྐབས་སློབ་གྲྭར་འགྲོ་མཚམས་བཞག་པས་སྐལ་བཟང་བདེ་སྐྱིད་ཀྱིས་ཁྱིམ་དུ་བསྐྱོད་ནས་རང་ཉིད་ཀྱི་མྱོང་བ་དངོས་དྲངས་ནས་སློབ་གསོ་བརྒྱབ་མཐར་ཕྲུ་གུ་དེ་སློབ་སྒོ་བསྐྱར་འགྲིམས་བྱས་པ་མ་ཟད། ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་དང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱས་པ་རེད་ཅེས་གསུངས།
     2013ལོར་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་བྱས་པར་བརྟེན་ཡུལ་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་འབྲེལ་སློབ་གཉེར་གྱི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ཡོད། “དེ་སྔོན་ང་ཚོའི་སློབ་གསོའི་དམིགས་ཚད་ནི‘སློབ་གྲྭར་འགྲོ་ཐུབ་པ་དང་། སྡོད་ཐུབ་པ། འགྲོ་རྒྱུ་ཡོད་པ’བཅས་ཡིན་པ་ལས་ད་ཆ‘སློབ་གྲྭ་ཡག་པོར་འགྲོ་ཐུབ་པའི’བར་འགྱུར་ལྡོག་བྱུང་ཡོད་ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས་པ་དང་། ད་ཆ་མོན་པ་རིགས་ཀྱི་ཕྲུ་གུ་སློབ་གྲྭར་ཞུགས་ཚད་དང་སློབ་ཆུང་ནས་སློབ་འབྲིང་དུ་ལོ་རིམ་འཕར་ཚད་100%ཟིན་ནས་ཕྲུ་གུ་དེ་བས་མང་པོ་རི་ཁུག་ནས་ཐོན་ཏེ་ལས་དབང་ལ་འགྱུར་ལྡོག་ཕྱིན་ཡོད།
     དུས་ཐུང་ཆུ་ཚོད་ཕྱེད་ཀའི་རིང་བགྲོད་ལམ་དུ་འཐུས་མི་ཚོའི་སྤོབས་སེམས་ཀྱི་གསུང་སྒྲས་ཁེངས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་བརྒྱའི་ཕུགས་འདུན་སྒྲུབ་ལ་ཉེ་བས། འགག་རྩའི་གནས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་ཏན་ཏིག་བྱེད་དགོས་ཤིང་། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་འབད་འཐབ་ལ་བརྟེན་ནས་འབྱུང་འགྱུར་གཏོད་དགོས།