འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་27ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་
འགོ་ཁྲིད་བློ་མཐུན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་
གསུམ་པའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་27ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སོགས་ཀྱི་འགོ་ཁྲིད་བློ་མཐུན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་འཐུས་མི་ཚོགས་པར་ཞུགས་ནས་འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་གནང་བ་རེད།
   འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་ཏིང་ཞུའེ་ཞང་དང་། ཏིང་ཀྲུང་ལི། ཀྲོའུ་ཆང་སོགས་ཡོད་པ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་ཀུའེ་ཀྲོའུ་ཡི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་རྦད་དེ་མོས་མཐུན་ཡོད། རྒྱལ་ཁབ་ཀྱི་རིམ་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དེ་ནི་བཅའ་ཁྲིམས་ཁྲིམས་གཞི་དང་། གནས་ཚུལ་གྱི་དགོས་མཁོ། མི་དམངས་ཀྱི་རེ་སྒུག རྒྱལ་སྤྱིའི་གོམས་སྲོལ་བཅས་དང་མཐུན་ཡོད་པ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཕུགས་བརྟན་བྱ་ཐབས་འགན་ལེན་བྱེད་པའི་རྩ་བཅོས་ཇུས་གཞི་ཞིག་རེད། ཀྲུང་གོའི་མི་དམངས་དུང་ཕྱུར་14ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་བརྟན་པོ་ཞིག་ཡོད་པ་དང་ཤང་ཀང་སྤྱད་ནས་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་གང་རུང་ཞིག་སྤེལ་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ་རེད་ཅེས་གསུངས་པ་རེད།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཏིང་ཀྲུང་ལི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་མིག་སྔའི་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་དུས་བབ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་སྟེ་བསམ་བློའི་མཐའ་ཚད་ལ་གཞི་ཚུགས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དམིགས་སའི་གནད་དོན་ལ་དམིགས་པ་མ་ཟད། རྒྱལ་ཁབ་ཀྱི་ཕུགས་ཀྱི་འཕེལ་རྒྱལ་ལའང་དམིགས་པའི་སྙན་སྒྲོན་ཧ་ཅང་ཡག་པོ་ཞིག་རེད་འདུག་པས་ང་རྦད་དེ་མོས་མཐུན་ཡོད། སྙན་སྒྲོན་ནང་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་གང་ལེགས་མཚོན་པས་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་བྱུང་། གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྡབ་རྡེག་ལས་རང་རྒྱལ་གྱི་ཕྱི་ཕྱོགས་རྣམ་པའི་ཁེ་ལས་ཁག་གཅིག་དང་ཞབས་ཞུའི་ལས་རིགས་ཁག་གཅིག་ལ་གཡོལ་ཐབས་བྲལ་བའི་དཀའ་ངལ་འཕྲད་ཡོད་པས། སྲིད་གཞུང་གིས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་དང“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་དམིགས་པ་དང་ལྷག་པར་དུ་ལས་ཞུགས་བརྟན་པོ་ཡོང་བ་དང་ཁྲོམ་རའི་བྱེད་པོ་འགན་ལེན། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་སོགས་ལ་ཞིབ་ཕྲའི་བཀོད་སྒྲིག་གནང་ཡོད་ཅེས་གསུངས་པ་རེད།
    ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། 2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་གང་ལེགས་མངོན་ཡོད། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དངོས་ཐོག་བདེན་འཚོལ་དང་། གསར་འབྱེད་གསར་གཏོད། བྱ་ཐབས་ནུས་ལྡན། ཆོད་སེམས་བརྟན་པོ་བཅས་མཚོན་པས་ང་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།