འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་སྣོད་བཅུད་ཤེས་དཔལ་ལ་
སྣང་ཆེན་བྱས་ནས་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་དུས་རབས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་དམ་འཛིན་བྱ་གཞི་ཞིག་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཤིག་དང་ནང་དོན་གལ་ཆེན་ཞིག་ཡིན།
     མི་སེར་དང་འབྲེལ་བ་ཟབ་ཤོས་ཀྱི་གཞི་རིམ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རྒྱལ་མཚན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད།
     “ཉེ་བའི་ལོ་ཤས་རིང་རི་སྔོ་ལྗང་དུ་འགྱུར་ཞིང་ཆུ་དྭངས་མོར་འགྱུར་བ་དང་། གད་སྙིགས་གང་བྱུང་དུ་མི་སྤུངས་པ། ཁང་པའི་རྒྱབ་མདུན་གཙང་ཞིང་གྲལ་འགྲིག་པོ་ཡོད། གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་ཕྱིན་པས། ཚང་མའི་སེམས་པ་ཡང་སྐྱིད་དུ་སོང་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་བཤད།
     ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་ཆེད། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཧུར་ཐག་སྤེལ་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་ཞན་ཆ་མགྱོགས་མྱུར་གསབ་ཡོད།
     བཀྲ་ཤིས་རྒྱལ་མཚན་གྱིས། གཅིག་ནི“གསང་སྤྱོད་གསར་བརྗེ”ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་སྤྱི་པའི་གསང་སྤྱོད་འཛུགས་སྐྲུན་དང་སྒྱུར་བཀོད། ཁྱིམ་སྤྱོད་འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་བཅས་བྱས་ཡོད། གཉིས་ནི་ཆུ་ལམ་དང་ཆུ་ཡུར་དང་མི་མང་འདུ་འཛོམས་བྱ་ཡུལ་གྱི་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱས་ཏེ་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཧུར་ཐག་སྤེལ་ཡོད། གསུམ་ནི་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་གཏོང་རྒྱུའི་ཚོད་ལྟ་བྱས་ནས། འཚོ་བའི་གད་སྙིང“དུད་ཚང་གིས་གཙང་སེལ་དང་། གྲོང་ཚོས་བསྡུ་རུབ། ཤང་གིས་དབོར་འདྲེན། རྫོང་གིས་ཐག་གཅོད”བཅས་ཀྱི་གཙང་སྤྲའི་བསྡུ་དབོར་མ་ལག་བཙུགས་ནས་གྲོང་ཚོ(གྲོང་ལྷན)ཚང་མས་སྣོད་བཅུད་ལས་གནས་ཁྲོད་ནས་གཙང་སྦྲ་བྱེད་མཁན་1ནས་2བར་བཀོད་སྒྲིག་བྱས་ཡོད། བཞི་ནི་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ《གྲོང་སྲོལ་དམངས་ཆིངས》སོགས་གྲོང་མིའི་རང་སྐྱོང་ལམ་ལུགས་ནང་བཅུག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། དུས་མཚུངས་གྲོང་གསེབ་ཀྱི་ཀུན་སྤྱོད་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བས། སྐྱོན་བྲལ་བབ་ཆགས་དང་ཤེས་དཔལ་ཞི་མཐུན་གྱི་ཡུལ་སྲོལ་བཏོད་དེ་མང་ཚོགས་རྣམས“ངར་ཤེས་དཔལ་བྱེད་དགོས”ཟེར་བ་ནས“ངར་ཤེས་དཔལ་དགོས”ཟེར་བའི་ཕྱོགས་སུ་འགྱུར་བ་ཕྱིན་ཡོད།
     བཀྲ་ཤིས་རྒྱལ་མཚན་གྱིས“སྣོད་བཅུད་ཡག་པོ་བྱུང་ཚེ་གཞི་ནས་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཐུབ།” “གོམ་སྟབས་རྗེས་མར། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་བཅོས་སྐྱོང་བཅས་མངོན་གསལ་དོད་པའི་གནས་སུ་བཞག་ནས་དམ་འཛིན་བྱས་ཏེ། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་སྐྱོང་། སྐྱེ་ཁམས་དམངས་ཆེད་བཅས་རྒྱུན་འཁྱོངས་བྱས་ནས། མི་སྡོད་ཁོར་ཡུག་བཟང་པོ་སྐྲུན་པའི་ཐོག་མའི་སྒུལ་ཤུགས་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།