འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅༎ཀོང་ཤིས་ཀྱིས་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་ཁྲི་5ལྷག་ཙམ་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2019ལོའི་ལོ་མཇུག་བར་ཀོང་ཤིས་ཀྱི་འཐུང་ཆུའི་བདེ་འཇགས་དམག་འཐབ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.05བཏང་ནས་མི་འབོར་ཁྲི་177ལ་ཕན་པ་ཐོབ་རྒྱུ་སྲ་བརྟན་དང་མཐོར་གཏོང་བྱས་པ་དེས་དམིགས་ཚད་ལས་འགན་གྱི་134%ཟིན་པས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་དམིགས་ཚད་བསྒྲུབ་ཐུབ་པ་བྱུང་ཡོད།
     འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་གསར་འགོད་པས་ཤེས་རྟོགས་བྱུང་བར། ད་བར་ཀོང་ཤིས་ཀྱིས་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭ་ཁྲི་5ལྷག་ཙམ་བསྐྲུན་ནས་གྲོང་གསེབ་ཏུ་གཅིག་སྡུད་ཆུ་མཁོ་འདོན་ཐུབ་ཚད་སྤྱི་ཡོངས་ནས་87.7%ཟིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་10.1མང་དུ་སོང་བ་དང་། གྲོང་གསེབ་ཏུ་རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་84.8%ཟིན་པ་དེ་2015ལོ་ལས་བརྒྱ་ཆའི་གྲངས་12.3མང་དུ་སོང་སྟེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་རགས་ཙམ་ཆགས་ཐུབ་པ་བྱུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། ཀོང་ཤིས་ཀྱིས་ས་གཤིས་ཆགས་ཚུལ་རྙོག་འཛིང་ཆེ་བ་དང་ཤིན་ཏུ་དབུལ་པོའི་ས་ཁུལ་སོགས“ཐག་གཅོད”བྱེད་དཀའ་རིགས་ལ་གཅིག་སྡུད་ངང་འགག་སྒྲོལ་ཡོང་བ་བྱས་ཤིང་། ཆུ་བེད་སྡེ་ཚན་གྱིས་དབུལ་སྐྱོར་སྡེ་ཚན་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་བཀག་བཞིན་དབུལ་པོའི་མི་འབོར་ལ“འཐུང་ཆུའི་བདེ་འཇགས”ཚད་གཞི་ལོན་མིན་གྲལ་བཤེར་ཞིབ་བསྡུར་དང་གྲངས་གཞི་བསྡུར་ནས་འཐུང་ཆུའི་བདེ་འཇགས་གནད་དོན་ཡོད་པའི་དབུལ་པོའི་མི་འབོར་29237ལ་གྲལ་བཤེར་བྱ་རྒྱུ་དེ་འཐུང་ཆུའི་བདེ་འཇགས་དམག་འཐབ་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་དང་། རྩིས་ཐོ་བཟོས་ནས་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་ཞིབ་ཚགས་ཡོང་བ་དང་ཟླ་རེ་བཞིན་རིམ་པས་ཐོ་བསུབ་པའི་ལས་དོན་བསྒྲུབས་ཡོད། 2019ལོའི་ལོ་མཇུག་བར་ཀོང་ཤིས་ཀྱི་འཐུང་ཆུའི་བདེ་འཇགས་དམག་འཐབ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.05བཏང་ནས་མི་འབོར་ཁྲི་177ལ་ཕན་པ་ཐོབ་རྒྱུ་སྲ་བརྟན་དང་མཐོར་གཏོང་བྱས་པ་དེས་དམིགས་ཚད་ལས་འགན་གྱི་134%ཟིན་པས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་དམིགས་ཚད་བསྒྲུབ་ཐུབ་པ་བྱུང་ཡོད།