མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་
འཚོགས་པ། དབང་དབྱང་ཚོགས་འདུར་ཕེབས་པ་དང་ཨུ་ཡོན་12ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་5ཚེས་24ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། འདི་ནི་ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ།

ཟླ་5ཚེས་24ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། འདི་ནི་ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་ཨུ་ཡོན་12ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧོང་ཁུན་མིང་དང་དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་གཏམ་བཤད་གསན་པ་རེད།
     ཨུ་ཡོན་ཉི་མ་བཀྲ་ཤིས་ཀྱིས་གཏམ་བཤད་གནང་སྐབས་2019ལོའི་ལོ་མཇུག་ཏུ་བོད་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་དེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་གང་ལེགས་མངོན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་གང་ལེགས་མངོན་ཡོད། གངས་ལྗོངས་བུ་ཕྲུག་ཚོས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཧུའུ་ཡུས་ཀྱིས་ཁོང་གིས་ཉིན་100ལྷག་ཙམ་རིམས་ནད་ལ་དམག་འཐབ་བྱས་པའི་བསམ་ཚུལ་མཉམ་སྤྱོད་བྱས་པ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་རིམས་ནད་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། “གོས་དཀར་འཐབ་འཛིང་པ”ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་ཞིག་ཡིན། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣ་དང་། དང་བླངས་པ་འབོར་ཆེན། དཔའ་བོའི་ཝུའུ་ཧན་མི་དམངས་བཅས་ཀྱི་སྐད་གྲགས་མེད་པའི་བྱ་སྤྱོད་ནང་རིམས་ནད་འགོག་པའི་རླབས་རྒྱུན་གཅིག་སྡུད་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གཅིག་གྱུར་བཀོད་འདོམས་འོག ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་པར་བརྟེན་ཝུའུ་ཧན་གྱི་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཡོད་ཅེས་གསུངས་པ་རེད།
     ཨུ་ཡོན་ཀེ་ཅུན་པོ་ཡིས་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྱི་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཚན་རྩལ་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་དགོས་མཁོར་ཐད་ཀར་དམིགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ་དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེ་མོ་དང་རླབས་ཆེན་གྱི་འཐབ་རྩོད་ཁྲོད་འབྲི་དགོས། རྨང་གཞིའི་ཞིབ་འཇུག་གི་ཁྱད་ཆོས་དང་འཚམ་པའི་འགན་ལེན་དང་། གདེང་འཇོག ལྕག་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། འབད་པ་ལྷོད་མེད་བྱེད་མཁན་ཚོར་གཟེངས་བསྟོད་དེ་བས་མང་པོ་བྱས་ཏེ། དཀའ་སྤྱད་ལས་སྒྲུབ་དང་ཡང་རྩེར་འཛེགས་ཕོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་དབྱང་ཝུའེ་མིན་གྱིས་གཏམ་བཤད་གནང་སྐབས། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ནང་འགྱུར་ལྡོག་མང་པོ་བྱུང་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་འཕེལ་ཕྱོགས་དེར་འགྱུར་ལྡོག་བྱུང་མེད།
     ང་ཚོར་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་བར་མཐོངས་དང་། སྟོབས་དང་ལྡན་པའི་སྒྱུར་བཅོས་ཀྱི་སྒུལ་ཤུགས། འཐུས་སྒོ་ཚང་བའི་སྲིད་ཇུས་ཀྱི་བྱེད་ཐབས། མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་བཅས་ཡོད། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་ནས། དཔལ་འབྱོར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོས་གཏན་གཏན་དཀའ་ངལ་དང་ཉེན་ཁ་བསལ་ནས་མུ་མཐུད་མདུན་དུ་སྐྱོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
     ཨུ་ཡོན་ཧོང་ལི་ཡིས་རྒྱལ་ཡོངས་བཟོ་ཚོང་ལས་རིཌ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཝུའུ་ཧན་གྱི་དམངས་གཉེར་ཁེ་ལས་ཤིག་གི་ངོས་ནས། ང་ཚོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བྱ་སྤྱོད་ལ་ཞུགས་ཏེ་ཏང་གི་འགྱུར་མེད་སྟོབས་ལྡན་དང་ཡང་དག་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་གཅིག་སྒྲིལ། ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་ཆེན་པོ་བཅས་ར་སྤྲོད་བྱས་ཡོད། མིག་སྔར་དམངས་གཉེར་ཁེ་ལས་ལ་ཕྲད་པའི་དཀའ་ངལ་དང་གནོན་ཤུགས་ནི་སྔར་འབྱུང་མྱོང་མེད་པ་ཞིག་རེད། ལམ་ལུགས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐོར་གཟིགས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དམངས་གཉེར་ཁེ་ལས་ཀྱི“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ནུས་པ་གལ་ཆེན་དེ་བས་འདོན་དགོས་པའི་གྲོས་འགོ་འདོན་གྱི་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ལི་ཞུའེ་མེ་ཡིས་གཏམ་བཤད་གནང་སྐབས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་ནི། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་དམངས་ཀྱི་བློ་ཁ་གཏད་ཕྱོགས་དང་ཡང་འབྲེལ་བ་ཡོད། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། སྲིད་གཞུང་གི་སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་གྲུབ་འབྲས་སྟོན་ཕྱོགས་སུ་བྱེད་པའི་དཔྱད་ཞིབ་ཚད་གཞི་གཏན་འཁེལ་བྱས་ཏེ་ཁོངས་གཏོགས་སྡེ་ཚན་དང་རིམ་པ་འོག་མའི་སྲིད་གཞུང་གི་ཁུར་པོ་ཡང་དུ་གཏོང་བའི་ལས་ཕྱོད་དང་མང་ཚོགས་བློ་ཡིད་ཚིམ་ཚད་འགག་རྩའི་དམིགས་ཚད་ལ་བརྩི་བ། ཁུར་པོ་ཡང་དུ་གཏོང་བའི་བརྒྱུད་རིམ་གྱི་ལྟ་སྐུལ་དོ་དམ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཆུས་ཧྥེང་ཧུང་གིས་ཀྲུང་གོ་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། ཆུའི་ཐོན་ཁུངས་དཀོན་པ་དང་། ཆུའི་ཁོར་ཡུག་ལ་སྦགས་བཙོག་ཤོར་བ། ཆུའི་སྣོད་བཅུད་ལ་གཏོར་སྐྱོན་ཕོག་པ་བཅས་ཀྱི་གནད་དོན་ཆེན་པོ་གསུམ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་བོར་འཛིན་པ་དང་། ཆུ་གྲོན་ཆུང་སྔོན་འགྲོར་བྱེད་པའི་འགག་རྩ་འདི་མངོན་པར་བྱེད་པ་དང་། ཐོན་ལས་ཧྲིལ་པོ་དང་། བརྒྱུད་རིམ་ཧྲིལ་པོ། མི་ཚོགས་ཧྲིལ་པོ་བཅས་ཕྱོགས་གསུམ་ནས་ཤུགས་སྣོན་རྒྱག་པ། མི་འབོར་དང་། གྲོང་ཁྱེར། ཐོན་ལས་བཅས་འཕེལ་རྒྱས་ལུགས་མཐུན་འཆར་འགོད། ཆུའི་ཐོན་ཁུངས་ཀྱི་བཙན་ཞིང་ནན་པའི་གཅུན་འདོམས་ལ་བརྟེན་ནས་ལུགས་དང་མི་མཐུན་པའི་ཆུའི་དགོས་མཁོར་ཚོད་འཛིན་བཅས་བྱས་ཏེ་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། འཛད་སྤྱོད་བྱེད་ཐབས་བཅས་འཇགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཁྲེན་ཧྥེང་ཕུའུ་ཀྲེན་གྱིས་གཏམ་བཤད་གནང་སྐབས། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཚབས་ཆེན་འདི་འདྲ་ལོ་རྒྱུས་སུ་སྔར་འབྱུང་མྱོང་མེད། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་ཐབས་ལམ་ཉག་ཅིག་དེ་རེད། གོ་ལ་ཧྲིལ་པོའི་རིམས་ནད་ད་དུང་མཇུག་འགྲིལ་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཛུབ་ཁྲིད་མཐུན་སྦྱོར་འོག མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་ལག་གདང་སྦྲེལ་ནས་མིག་སྔའི་ཉེན་ཁ་ཁྱད་དུ་བསད་དེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་མུའུ་ཐེ་ལི་ཕུའུ·ཧ་སི་མུའུ་ཡིས་གཏམ་བཤད་གནང་སྐབས། ཐེན་ཧྲན་རི་བོའི་གསོམ་ཤིང་གི་རྩ་བ་སྦྲེལ་བ་ལྟར། མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྦྲེལ་ཡོད། མིག་སྔར་ཤིན་ཅང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཟབ་ཏུ་ཕྱིན་ཡོད། མའེ་ཞི་ལའེ་ཧྥུའི་གླུ་གར་སླར་ཡང་འཁྲབ་འགོ་ཚུགས་པ་དང་། ཏུའུ་ཐ་ཨར་གྱི་སྒྲ་སྙན་སླར་ཡང་དཀྲོལ་འགོ་ཚུགས་ཡོད། ངས་ད་ཆའི་ཕ་ཡུལ་ལ་གཟི་བརྗིད་དང་སྤོབས་པ་ཚད་མེད་སྐྱེ་ཡི་འདུག ཤིན་ཅང་གི་ད་ལྟའི་དུས་བབ་བཟང་པོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས། ང་ཚོས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་དང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཧོ་པའོ་ཞང་གིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཚབ་ཞུས་ནས་གཏམ་བཤད་གནང་སྐབས། མིག་སྔར་ཐའེ་དབན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་། “དགུ་གཉིས་ཐུན་མོང་ངོས་འཛིན”ལ་མཐའ་གཅིག་ཏུ་སྲུང་སྐྱོང་། “ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ལག་བསྟར། ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ“ཐའེ་དབན་རང་བཙན”བ་དང་དེ་བཞིན་ཁ་ཕྲལ་གྱི་བྱེད་སྤྱོད་ལ་མཉམ་དུ་ངོ་རྒོལ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་བཏང་ནས་ངོགས་གཉིས་ཀྱི་སྤུན་ཟླའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
     ཨུ་ཡོན་ཐུའུ་ཧའེ་མིང་གིས་གཏམ་བཤད་གནང་སྐབས། ཁྱིམ་ཚང་དང་རྒྱལ་ཁབ་ནི་གཞི་གཅིག་ཡིན་པ་དང་ཤང་ཀང་དང་ནང་སའི་དབར་ཁྲག་རྒྱུན་འདྲེས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར། མཐའ་འཁྱོངས་བྱེད་དགོས་རིགས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྒྲུབ་དགོས་པའི་ལས་དོན་ངེས་པར་དུ་ངང་རྒྱུད་རིང་ཞིང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། “ཤང་ཀང་རང་བཙན”ཕྱོགས་གཏོགས་འཚོ་གནས་བྱེད་ས་རྦད་དེ་མེད་པར་བཟོ་བ་བཅས་བྱས་ཏེ། ཤང་ཀང་དེ་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གནས་སུ་གཏན་ནས་མི་འགྱུར་བར་བྱེད་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་ལ་འགྲེལ་བཤད་རྒྱག་པའི་དབང་ཆ་དང་ལྟ་སྐུལ་དབང་ཆ་གང་ལེགས་སྤྱད་ནས་གཞི་རྩའི་བཅའ་ཁྲིམས་ཀྱི“དོན་ཚན་ཉེར་གསུམ་པའི”ཁྲིམས་འཛུགས་ཐད་ཁྲིད་སྟོན་ཁ་གསལ་དང་དོན་འཁྱོལ་ལ་ལྟ་སྐུལ་བྱེད་དགོས་པའི་གྲོས་འགོ་འདོན་གྱི་ཡིན་ཞེས་གསུངས་པ་རེད།
     ཨུ་ཡོན་ཆི་ཅན་གོས་གཏམ་བཤད་གནང་སྐབས། དུས་རབས་གསར་པའི་མི་དམངས་དམག་དཔུང་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ཐུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ། དམག་འཐབ་བྱེད་ཕོད་པ་བཅས་ཀྱི་ལྕགས་དང་ངར་ལྕགས་ལྟ་བུའི་དཔུང་སྡེ་ཞིག་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ལ་དམག་དཔུང་ཧུར་ཐག་ཞུགས་པ་ལས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ནི་མི་དམངས་དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་ལམ་དང་རྣམ་པར་རྒྱལ་བའི་ཐབས་ལམ་ཞིག་ཡིན་པ་སླར་ཡང་ར་སྤྲོད་བྱུང་ཡོད། ང་ཚོས་དུས་རྟག་ཏུ་མི་དམངས་ལ་འགན་འཁུར་བ་ནི་ཏང་གི་ཐོག་མའི་བསམ་འདུན་དང་འོས་འགན་ཡིན་པ་དང་། ཏང་གི་བཀོད་འདོམས་ལ་ཉན་པ་ནི་མི་དམངས་དམག་དཔུང་གི་ནམ་ཡང་མི་འགྱུར་བའི་དམག་དཔུང་གི་བླ་སྲོག་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། དབན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། དབང་ཡུང་ཆིང་། ཧོ་ལི་ཧྥེང་། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

  
style="display:none;"