འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅༎སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་འབྲི་ཆུའི་ལེ་དབར་སྟོང་གི་ནགས་ཚལ་ཁུལ་མཉམ་དུ་སྐྲུན་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་ནགས་ལས་ཅུས་དང་སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་ནས་འབྲི་ཆུའི“ངོགས་གཉིས་ཀྱི་རི་བོ་སྔོ་བ·ལེ་དབར་སྟོང་གི་ནགས་ཚལ་ཁུལ”སོགས་སྣོད་བཅུད་བཅོས་སྐྱོང་གི་ལས་གྲྭ་མང་པོ་མཉམ་དུ་ལག་ལེན་བསྟར་རྒྱུ་རེད།
     མཉམ་ལས་གྲོས་མཐུན་གཞིར་བཟུང་། སི་ཁྲོན་དང་ཁྲུང་ཆིང་ས་ཆ་གཉིས་ཀྱིས་འབྲི་ཆུའི་ངོགས་གཉིས་ཀྱི་རི་གཉའི་བང་རིམ་དང་པོ་དང་དེ་བཞིན་ཅ་ལིང་ཅང་གཙང་པོ་དང་། ཕེ་ཅང་གཙང་པོ། ཆུས་ཅང་གཙང་པོ། འགག་གསུམ་མཛོད་ཁུལ་བཅས་ཀྱི་ཆུ་བོ་ལོག་ཁུལ་དུ་ནགས་བཟོའི་ལས་དོན་སྤེལ་ནས་གཙང་རྒྱུད་དུ་སྨྱུག་ཚལ་མཛེས་ལྗོངས་ཁུལ་སྐྲུན་རྒྱུ་དང་འབྲི་ཆུའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་སོགས་གཙོ་གནད་སྣོད་བཅུད་ལས་གྲྭར་བརྟེན་ནས་ནགས་ཚལ་འདེབས་པར་འཚམ་པར་ནགས་ཚལ་འདེབས་པ་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས་གཙང་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་ཚོ་སྔོ་འགྱུར་དང་མཛེས་སུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་རེད།
     དུས་མཚུངས་ས་ཆ་གཉིས་ཀྱིས་ད་དུང་ཁྲེང་ཏུའུ་དང་ཁྲུང་ཆིང་སྐོར་ལམ་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་མྱུར་བགྲོད་ལྕགས་ལམ། ཁྲེང་ཏུའུ་དང་ཁྲུང་ཆིང་དབུས་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་སོགས་གཙོ་གནད་འགྲིམ་འགྲུལ་བགྲོད་ལམ་སྔོ་འགྱུར་དང་མཛེས་བཟོར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་། རྨོ་བསྐྱུར་ནགས་བཟོ་དང་རྨོ་བསྐྱུར་རྩྭ་འདེབས་སོགས་གཙོ་གནད་སྣོད་བཅུད་ལས་གྲྭར་བརྟེན་ནས་ས་ཆ་གཉིས་པོའི་རི་རྒྱུད་གཙོ་བོ་དང་སྦྲེལ་བའི་སྣོད་བཅུད་ཉམས་བཟོར་སྐུལ་འདེད་བཏང་ནས་རི་རྒོད་ལ་རྒོད་དང་ནགས་གསེབ་ཀྱི་ས་སྟོང་མེད་པར་བཟོ་བ། འབྲི་ཆུ་དང་། ཅ་ལིང་ཅང་གཙང་པོ། ཕེ་ཅང་གཙང་པོ། ཆུས་ཅང་གཙང་པོ་བཅས་རྒྱུག་ཁུལ་གྱི་འདམ་ར་སྲུང་སྐྱོང་དང་གཙང་པོ་དང་། མཚེའུ། འདམ་ར་བཅས་ཞན་འགྱུར་ལ་ཉམས་བཟོ་བྱེད་པ། ཆུ་ཕྲན་དང་། ཆུ་ཡུར། རྫིང་བུ། འབྲས་ཞིང་སོགས་འདམ་ར་ཆུང་གྲས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་ཆ་གཉིས་པོའི་འདམ་རའི་མུ་འཁྱུད་ཁུལ་སྐྲུན་པ། སྤུས་ཚད་ལེགས་པའི་ནགས་ཚལ་གྲོང་ཁྱེར་གྱི་ཁྱུ་ཚོགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད།