འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་26ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེང་ཆིང་ཅོན་གྱིས་གསུངས་དོན། གྲོང་གསེབ་ཀྱི་དྲ་ཐོག་
ཚོང་ཁང་གི་ཐད་གཏོང་ལ་རྒྱབ་སྐྱོར་དང་ཐད་གཏོང་ཁོར་ཡུག་ལེགས་སུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་26ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གོང་གི་པར་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེང་ཆིང་ཅོན་གྱིས་ཐད་གཏོང་བརྒྱུད་ཞིང་ཞོར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་ཡོད་ཅིང་། ལེང་ཆིང་ཅོན་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ་ཞིག་རེད། ཁོང་གིས་ཚོད་ལྟ་ཐེངས་མང་བྱས་མཐར་དྲ་ཐོག་ཚོང་ཁང་བརྒྱུད་ནས་ཞིང་ཞོར་ཐོན་རྫས་རི་གྲོང་ཕྱིར་ཚོང་བའི་ཚོང་ལམ་གསར་པ་རྙེད། “དྲ་ཐོག་ཚོང་ཁང་གི་ལས་སྟེགས་བརྒྱུད་ཐོན་རྫས་ཐད་ཚོང་བྱས་པར་བརྟེན་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་གི་མི་མངོན་པའི་སྟོབས་ཤུགས་མཐོང་བྱུང་ལ། ཐད་གཏོང་ཁྲོད་ལྷག་པའི་ཞན་ཆའི་འགྲན་རྩོད་ཀྱང་མཐོང་བྱུང” ལེང་ཆིང་ཅོན་གྱིས“ངས་འདི་ལོའི་ཚོགས་འདུ་གཉིས་ལ་འདོན་རྒྱུའི་གྲོས་འགོ་ནི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་གི་ཐད་གཏོང་དང་ཐད་གཏོང་ཁོར་ཡུག་ལེགས་སྒྲིག་སོགས་ཀྱི་སྐོར་ཡིན”ཞེས་བརྗོད།
    འོག་གི་པར་ནི། ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་ཅི་མའོ་ཆུས་ཀྱི་གྱོན་ཆས་ཀུང་སི་ཞིག་གི་ཚོང་པས་ཐད་གཏོང་ལེ་ཚན་བརྒྱུད་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།