འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅།།མཚོ་སྔོན་གྱིས་ནུས་ཤུགས་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་
སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་གྱིས་ནུས་ཤུགས་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་
སྐུལ་འདེད་བཏང་བ།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ།
   ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2020ནས་2022ལོ་བར)》བཏོན་པ་དང་། 2025ལོར་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། མཚོ་སྔོན་ནི་“གཙང་གསུམ་ཆུ་འགོ་”དང་“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ངོས་ནས། རང་བྱུང་སྲུང་སྐྱོང་ས་ཆའི་རིགས་ཆ་ཚང་བ་དང་། གྲངས་འབོར་མང་བ། རྒྱ་ཁྱོན་ཆེ་བ་བཅས་ཡོད་པས་མིག་སྔར་རང་བྱུང་སྲུང་སྐྱོང་ས་ཆ་སྣ་ཚོགས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་25ཟིན་ཡོད། འདི་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་གླིང་ཁུལ་གྱི་མཚོ་སྐྱ་རེངས་ཤང་སྐྱེ་ཁམས་སྲུང་སྐྱོང་ས་ཚིགས་ཀླུ་ནག་གྲོང་ཚོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་རུ་ཁག་གི་ཚོགས་ཆུང་བདུན་པའི་རུ་མིས་གད་སྙིགས་སྒྲུག་བཞིན་ཡོད།
༄༅།།མཚོ་སྔོན་གྱིས་ནུས་ཤུགས་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་
སྐུལ་འདེད་བཏང་བ།