འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་25ཉིན།

༄༅།།ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྤྱོད་འགན་ལེན་བྱས་པ།

—— ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སིས་རིམས་ནད་ཁྲོད་ལས་གནས་བརྟན་སྲུང་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་25ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཏོག་གསར་རིམས་ནད་ཀྱི་མདུན་དུ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ནུས་རྒྱུ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སི”ཞེས་བསྡུ་རྒྱུ)ས་གནས་དེ་གའི་རོགས་ཟླའི་ཚོགས་པ་དང་མཉམ་དུ་རིམས་འགོག་དང་ཐོན་སྐྱེད་གཉིས་ཀར་དམ་འཛིན་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་པར་ཙིར་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོས་གློག་སྤྱོད་རྒྱུའི་འགན་ལེན་བྱས་ཡོད།
    2019ལོའི་ཟླ་དྲུག་པར་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་ནུས་རྒྱུ་རྒྱལ་སྤྱིའི་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་པར་ཙིར་དུ་Gammaནུས་རྒྱུ་གསར་པའི་རྣམ་གྲངས་བསྡུ་ཉོ་བྱས་པ་མ་ཟད། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སི་བཙུགས་ཏེ་ཨ་མེ་རི་ཁ་གླིང་ལྷོ་མའི་དྭངས་གཙང་ནུས་རྒྱུའི་ཁྲོམ་རར་ཞུགས་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
    པར་ཙིར་གྱི་རླུང་གློག་དང་ཉི་ནུས་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་གྲས་ཨང་གཉིས་པའི་དྭངས་གཙང་ནུས་རྒྱུའི་ཁེ་ལས་ཡིན་པའི་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སི་དང་ས་གནས་དེ་གའི་ལས་མི་སྔར་བཞིན་སྦྱོང་བརྡར་བྱེད་པའི་སྐབས་སུ་གནས་པས་རྣམ་གྲངས་རྩིས་ལེན་གྱི་ལས་འགན་ལྕི་པོ་ཡོད། དེའི་ཐོག་ཏོག་གསར་རིམས་ནད་ཐོན་ནས་ཁེ་ལས་ལ་འགྲན་སློང་གསར་པ་འཕྲད་ཡོད།
   རྣམ་གྲངས་དུས་བཀག་ལྟར་རྩིས་ལེན་ཐུབ་པ་བྱ་ཆེད། གཉེར་སྐྱོང་འགན་ལེན་གྱི་རྩིས་ལེན་ཚོགས་ཆུང་གིས་ལས་ཀའི་བརྒྱུད་རིམ་བསྐྱར་དུ་གསེད་བཀྲོལ་དང་ལེགས་གཏོང་བྱས་ཁར། མི་སྣ་ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་པར་གཏོང་ཐེངས་ཉུང་དུ་བཏང་ཡོད། གཞན་ཡང་རྩིས་སྤྲོད་སྙོམས་སྒྲིག་གི་ལས་དོན་ཁག་གཅིག་མཚན་མོ་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་དང་པར་ཙིར་གྱི་ཚོགས་པས་གཞོགས་འདེགས་དམ་ཟབ་བྱས་པ་བརྒྱུད་ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་27ཉིན་རྣམ་གྲངས་ཁག་3དབར་ཕར་རྒྱུག་ཚུར་རྒྱུག་བྱས་པར་ཁྱོན་ལམ་ཐག་སྤྱི་ལེ་6300ཟིན་པ་དང་མཐར་གཉེར་སྐྱོང་འགན་ལེན་ཚོགས་ཆུང་གིས་རྩིས་སྤྲོད་རྩིས་ལེན་གྱི་སྙོམས་སྒྲིག་ལས་དོན་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱས་པ་རེད།
    ཚོགས་ཆུང་ལ་ཁྱོན་ཁོངས་མི་6ཡོད་པ་དང་ལོ་ན་30ནས་35བར་ཡིན། ཁོང་ཚོ་གཅིག་ནས་ཕྲུ་གུ་ཡིན་ལ་གཉིས་ནས་ཕ་མ་ཡང་ཡིན། རིམས་ནད་མཆེད་པའི་སྐབས་སུ་ཁོང་ཚོས་སྔར་བཞིན་འཐབ་ས་དང་པོའི་ལས་གནས་བརྟན་སྲུང་བྱས་ཡོད། ཚོགས་ཆུང་གི་འགན་འཁུར་བ་ཀྲན་མུའུ་སི·ཕཱ་ལུའེ་ལཱ་ཡིས“འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱས་ཏེ་སྙོམས་སྒྲིག་ལས་འགན་འགན་ལེན་བྱེད་པ་ནི་ང་ཚོའི་འགན་འཁྲི་ཡིན”ཞེས་བརྗོད་པ་རེད།
   ཛ་དྲག་ཆེ་བའི་རིམས་ནད་ལ་ཁ་གཏད་གཅོག་ཆེད། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སིའི་ཀྲུང་གོ་དང་པར་ཙིར་གྱི་ལས་མི་ཚོས་ས་གནས་དེ་གའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁྱིམ་སྡོད་ལས་སྒྲུབ་ཚུད་པའི་འཕྲལ་སྡོམ་སྔོན་ཇུས་བཟོས་པ་རེད། ཁོང་ཚོས་རྒྱང་ཁྲིད་མཉམ་ལས་ཀྱི་གཞུང་དོན་སྒྲུབ་པའི་མཉེན་ཆས་བརྒྱུད་དེ་ས་ཆ་དངོས་ཀྱི་མི་སྣ་དང་མཉམ་ལས་རོགས་ཟླའི་བར་དུས་དང་རྣམ་པ་ཀུན་ཏུ་འབྲེལ་གཏུག་བྱས་ནས་རྒྱུན་གཏན་གྱི་ལས་ཀར་ཤུགས་རྐྱེན་མི་ཕོག་པ་བྱས་ཡོད།
    རིམས་ནད་ཁྱབ་རིང་ལས་གྲྭའི་རྣམ་གྲངས་འཆར་གཞི་ལྟར་སྒྲུབ་ཐུབ་པའི་འགན་ལེན་བྱ་ཆེད། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་པར་ཙིར་ཀུང་སིའི་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་ཀྱི་ལས་མིས་མཉམ་དུ་ལས་གནས་བརྟན་སྲུང་བྱས་ཏེ་པར་ཙིར་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྤྱོད་འགན་ལེན་བྱས་པ་རེད།