མི་དམངས་དྲ་བ།

༄༅༎ཐེངས་དང་པོ་འཐུས་མི་ཚོགས་པའི་ནང་ཞུགས་སྐབས་ཞི་ཅིན་ཕིང་གི་གསུང་བཤད་ནང་
འགག་རྩའི་ཚིག་འདི་ཐེངས་28གླེང་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁོང་ཉིད་ཞུགས་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅིས་འཐུས་མི་ཚོགས་པའི་ནང་ཞུགས་པའི་དུས་ཚོད་འགོ་བཙུགས་པ་རེད།
     2018ལོའི་ཟླ་1ཚེས་30ཉིན་གྱི་ཕྱི་དྲོ། ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་500ལྷག་ཙམ་གྱིས་གཟི་བརྗིད་ལྡན་པའི་འདེམས་ཤོག་འཕངས་པ་དང་ཞི་ཅིན་ཕིང་ལ་འདེམས་ཤོག་ཚང་མ་ཐོབ་པའི་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིར་བདམས་ཐོན་བྱུང་བ་རེད།
     སྤྱི་ཁྱབ་ཧྲུའུ་ཅིས་བརྩེ་བ་ཟབ་མོའི་སྒོ་ནས“ངས་ནང་སོག་རང་སྐྱོང་ལྗོངས་སུ་འདེམས་བསྐོར་ཞུགས་རྒྱུ་བདམས་པ་དེ་ཐོག་ནས། ཏང་ཀྲུང་དབྱང་གིས་མི་རིགས་མཐའ་མཚམས་ས་ཁུལ་ལ་མཐོང་ཆེན་གནང་བ་མཚོན་པ་དང་། ཏང་ཀྲུང་དབྱང་གིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་མཚོན་ཡོད”ཅེས་གསུངས་པ་རེད།
     ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཐེངས་གསུམ་པ་དེ་རེད། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་གྱི་མ་ཟིན་ནང་། “མི་དམངས”དེ་སྤྱི་ཁྱབ་ཧྲུའུ་ཅིས་གླེང་མང་ཤོས་ཀྱི་འགག་རྩའི་མིང་ཚིག་ཏུ་གྱུར་ལ། ཁྱོན་ཐེངས་28ཐོན་ཡོད་པ་རེད། 
     “ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་མི་དམངས་ལ་ཐུག་པ་དང། ཁྲག་རྒྱུན་མི་དམངས་ལ་ཐུག་ཡོད།”
     “ང་ཚོའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་མེད། ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་གི་ཡོད། འདི་ནི་རང་རེའི་ཏང་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ངོས་ནས་སྲིད་ཏང་གཞན་དང་དབྱེ་བ་ཡོད་པའི་མཚོན་རྟགས་མངོན་གསལ་དོད་ཤོས་དེ་རེད། རིམས་ནད་ཚབས་ཆེན་གྱི་མདུན་དུ་ང་ཚོས་ཐོག་མ་ཉིད་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་དགོས་ཞེས་ཁ་གསལ་བཏོན་ཡོད།”
     “ཀྲུང་གོ་གུང་ཁྲན་ཏང་གི་རྩ་བ་མི་དམངས་ལ་ཐུག་པ་དང་། ཁྲག་རྒྱུན་མི་དམངས་ལ་ཐུག་ཡོད།” “ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་བྱས་པའི་རྩ་བའི་དམིགས་ཡུལ་ནི་མི་དམངས་་འཚོ་བ་ཡག་པོ་སྐྱེལ་ཐུབ་ཆེད་ཡིན། འགྲན་སློང་དང་གནོན་ཤུགས་གང་འདྲ་ཞིག་འཕྲད་པ་དང་། བློས་གཏོང་དང་རིན་དོད་ཇི་འདྲ་མང་པོ་བྱེད་དགོས་རུང་། འདི་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པ་ཞིག་ཡིན།”
     “ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཚེ་སྲོག་སྐྱོབ་བཅོས་བྱེད་ཀྱི་ཡོད། ལོ་ན་ཇི་ལྟར་ཆེ་བ་དང་ནད་གཞི་ཇི་ལྟར་ལྕི་རུང་ང་ཚོས་གཏན་ནས་འདོར་མི་སྲིད། ད་ཐེངས་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ནང་། ང་ཚོས་གྲུབ་འབྲས་ཐོབ་པའི་ངང་སྐྱོབ་བཅོས་བྱས་པའི་ལོ་ན་ཆེ་ཤོས་ཀྱི་ནད་པ་ནི་ལོ་108ཡིན་པ་རེད།”
     “‘མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ཐུབ་ན། གནམ་འོག་ལ་འགྲན་ཟླ་མེད། མང་ཚོགས་ཀྱི་བློ་གྲོས་སྤྱོད་ཐུབ་ན། འཕགས་པ་རྣམས་ལའང་དཔའ་ཞུམ་མི་དགོས།’ མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བྱེད་པའི་གཏིང་ཤུགས་ཆེ་ཤོས་ཡིན་པ་ངས་ཡང་ཡང་ནན་བཤད་བྱས་ཡོད། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག རྒྱལ་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་མཉམ་འགོག་མཉམ་བཅོས་བྱེད་པ་བཅས་བྱས་ནས། ཚགས་དམ་ཤོས་ཀྱི་སྔོན་འགོག་དང་ཚོད་འཛིན་མ་ལག་བཙུགས་ཏེ་གཞོམ་པ་མེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྩ་ཆེའི་གནས་ལུགས་ཤེས་པ་དང་། ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས། རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་འཐབ་རྩོད་ཀྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་ཤིག་ཆགས་ཡོད།”
     “ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། མཐར་གཏུགས་ནས་བཤད་ན་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་ཆེད་ཡིན། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་བདེ་སྡུག་ཐོག་མཐའ་བར་གསུམ་དུ་སེམས་ལ་བཞག་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བཟའ་བཅའི་བདེ་འཇགས། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་དངོས་ཡོད་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་པ་དང་། ལོ་རེ་ནས་ལོ་རེ་མཐུད་དེ་བསྒྲུབས་ནས། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་བ་དང་དངོས་ཕན་ཐོབ་པའི་འབད་བརྩོན་བྱེད་དགོས།”
     ……
     མི་དམངས་གོང་དུ་བཀུར་བ་ནས་མི་དམངས་ལ་བརྟེན་པ་གླེང་བ་དང་། མི་དམངས་ཀྱི་སྟོབས་ཤུགས་ལ་བསྔགས་བརྗོད་བྱེད་པ་ནས་ཏང་ཡོངས་ལ་རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་བསླབ་བྱ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པར་གནང་བའི་གསུང་བཤད་ནི“མི་དམངས་གོང་དུ་བཀུར་བ”ཞེས་པའི་བསྒྲགས་གཏམ་ཡིག་ཆ་ཞིག་ཡིན་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན།

  
style="display:none;"