འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎སྡེ་ཚན་ལྔ་ཡིས་བསྟན་དོན། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་འགན་ལེན་
བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་ནོར་སྲིད་པུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲལ་དོན་སྤྱི་ཁྱབ་ཅུས། དབུལ་སྐྱོར་གཞུང་དོན་ཁང་བཅས་དང་མཉམ་དུ《སྤུས་ཚད་མཐོ་པོའི་སྒོ་ནས་སྨན་བཅོས་འགན་ལེན་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལས་འགན་དྲུག་ཁ་གསལ་བཏོན་ཏེ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི་རྣམ་པ་སྲ་བརྟན་དང་སྲུང་སྐྱོང་བྱེད་པ་དང་ལམ་ལུགས་ཕྱོགས་བསྡུས་འགན་ལེན་གསུམ་སྲ་བརྟན་དུ་བཏང་ནས་ད་ཆ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་ལེན་དམིགས་ཚད་མངོན་འགྱུར་བྱ་རྒྱུ་འགན་ལེན་བྱེད་པ་དང་སྤུས་ཚད་མཐོ་པོས་སྨན་བཅོས་འགན་ལེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱས་ཡོད།
     ལས་འགན་དྲུག་ནང་སྨན་བཅོས་འགན་ལེན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་བསྡུའི་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་གཞན་དུ་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཞིབ་དཔྱད་ལས་དོན་ཡག་པོ་སྒྲུབ་པ། མི་འབོར་དབུལ་པོ་དང་མཐར་ལུས་མི་འབོར་དབུལ་པོ་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན། གསར་འཕར་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་རྒྱུར་གཙོ་གནད་ཐོག་དམ་འཛིན་བཅས་བྱས་ཏེ་མི་འབོར་དབུལ་པོ་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གནད་སྨིན་དོ་དམ་མི་ཐོག་ལ་དོན་འཁྱོལ། མི་སྣའི་ཐོབ་ཐང་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་དུས་གཅིག་ཏུ་མི་ཐོག་ལ་དོན་འཁྱོལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་དགོས་པ་དང་། ས་ཁུལ་དབུལ་པོར་ཕྱོགས་པའི་སྨན་བཅོས་འགན་ལེན་གྱི་དབུལ་སྐྱོར་མ་དངུལ་མུ་མཐུད་མང་དུ་བཏང་ནས་རྒྱབ་སྐྱོར་བྱེད་པ་དང་། མི་འབོར་དབུལ་པོ་ཞིང་ཆེན་ནང་ཁུལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ཐོ་བཀོད་དང་སྨན་རིན་མཇུག་རྩིས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། “དྲ་སྦྲེལ+”སྨན་བཅོས་ཞབས་ཞུའི་རིན་གོང་དང་སྨན་བཅོས་འགན་བཅོལ་ནས་གཏོང་བའི་སྲིད་ཇུས་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་ཞྭ་ཕུད་མེད་པའི་རྫོང་དང་དབུལ་སྒྲོལ་དཀའ་བའི་གྲོང་ཚོར་བྱང་བུ་བཀལ་ནས་ལྟ་སྐུལ་བྱེད་པའི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ལམ་ལུགས་ཕྱོགས་བསྡུས་འགན་ལེན་གསུམ་བརྟན་དུ་གཏོང་བ་དང་རིགས་ཁག་གི་མི་འབོར་དབུལ་པོའི་ཐོབ་ཐང་ལྟ་ཞིབ་ཚད་ལེན་མཐུན་སྦྱོར་ཡག་པོ་བྱས་ནས་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་རྗེས་སྙེག་བྱེད་དགོས་པ། མི་འབོར་དབུལ་པོའི་ཏོག་གསར་གློ་ཚད་སྐྱོབ་བཅོས་ཀྱི་སྨན་རིན་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱེད་པ་དང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཅོང་ནད་དང་དམིགས་བསལ་ནད་གཞི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱ་རྒྱུ་སྟབས་བདེ་དང་ཚད་ལྡན་དུ་གཏོང་དགོས་པ། ཐལ་དྲགས་པའི་འགན་ལེན་མུ་མཐུད་བཅོས་སྒྲིག་བྱས་ཏེ་ཐོབ་ཐང་བརྟན་པོའི་ངང་བར་བརྒལ་ཡོང་བའི་འགན་ལེན་བྱེད་དགོས་པ། སྒྲུབ་གཉེར་དོ་དམ་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པ། ས་ཁུལ་དབུལ་པོའི་ཐེབས་རྩ་ལྟ་སྐུལ་དོ་དམ་དང་གྲོས་མཐུན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཀའི་མཇུག་རྩིས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པ། སྲིད་ཇུས་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཅས་ཚུད་ཡོད། “མཚམས་མི་འཇོག་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་སྲིད་ཇུས་བལྟོས་བཅས་ངང་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ནད་ལྕི་དང་དམིགས་བསལ་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྨན་བཅོས་འགན་བཅོལ་དབུལ་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་ཞིབ་འཇུག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།