འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཡོ་རོབ་ཀྱི་རིམས་ནད་གནས་ཚུལ་ཞི་ལྷོད་དུ་ཕྱིན་པ་དང་རྒྱལ་ཁབ་མང་པོས་མཐའ་མཚམས་སྒོ་ཕྱེ་ནས་ཡུལ་སྐོར་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཉིན་ཤས་གོང་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེས། དབྱི་ཐ་ལིས་ཟླ་6ཚེས་3ཉིན་ནས་བཟུང་རྒྱལ་སྤྱིའི་ཡུལ་སྐོར་སླར་ཡང་འགོ་འཛུགས་རྒྱུ་དང་སྐབས་དེ་དུས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་གཞན་གྱི་ཡུལ་སྐོར་བ་ལོགས་སུ་མི་འཇོག་པའི་ཁྱབ་བསྒྲགས་བྱས་པ་རེད། ཉེ་ཆར་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་གྲངས་གཞི་ལས་མངོན་པར། ཡོ་རོབ་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ཞི་ལྷོད་དུ་ཕྱིན་པ་དང་རྒྱལ་ཁབ་མང་པོ་ཞིག་གིས་སླར་ཡང་མཐའ་མཚམས་སྒོ་ཕྱེ་ནས་འཆར་ཉེར་ཡོད་པའི་དབྱར་དུས་ཡུལ་སྐོར་ལ་ཆ་རྐྱེན་སྐྲུན་བཞིན་ཡོད།