འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་24ཉིན།

༄༅༎ཏུང་ཀོན་ནས་ཝིར་ནིའུ་སི་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐོག་མ་ལི་ཐུ་ཝན་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་24ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཏུང་ཀོན་ནས་ཝིར་ནིའུ་སི་བར་གྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཀྲུང་གོའི་སྦྲག་སྲིད་ཆེད་གཏོང་མེ་འཁོར་ཐོག་མ་ཚེས་22ཉིན་ལི་ཐུ་ཝན་གྱི་རྒྱལ་ས་ཝིར་ནིའུ་སིར་འབྱོར་བ་རེད། མེ་འཁོར་དེ་ཚེས་9ཉིན་ཀོང་ཏུང(ཧྲེ་ལུང)ལྕགས་ལམ་རྒྱལ་སྤྱིའི་ཟོག་འགྲེམས་རྟེན་གཞི་ནས་ཐོན་པ་དང་། དེའི་ནང་ཏུང་ཀོན་དང་མཐའ་འཁོར་ས་ཁུལ་གྱི་ཚད་ལྡན་དོས་སྒམ་41དང་། ཏུན་260ཡོད་པའི་རྒྱལ་སྤྱིའི་སྦྲག་ཐོག་བསྐུར་མ་བླུགས་པའི་ནང་། གྱོན་ཆས་དང་ཞྭ་མོ་དང་། རྩེད་ཆས་སྒམ། གློག་རྡུལ་ཐོན་རྫས། ཁྱིམ་ཆས་སོགས་ཡོད། ཤིན་ཅང་ཧར་གོ་སི་འགག་སྒོ་ནས་ཐོན་ཏེ། ཧ་སག་སི་ཐན་དང་། ཨུ་རུ་སུ། བྷེ་ཨུ་རུ་སུ་བཅས་བརྒྱུད་ལི་ཐུ་ཝན་དུ་འབྱོར་བ་རེད།